དབུ་ཤོག>གསར་འགྱུར།
  • རྒྱལ་ཁབ་ལ་དབང་བའི་རིག་གནས་ཁེ་ལས་ཀྱི་སྤྱི་ཚོགས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ཕན་ཚུན་གཅིག་འགྱུར་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-18

    2015ལོའི་ཟླ་7པའི་ཚེས་1ཉིན་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་ཐེངས་བཅུ་བཞི་པའི་ཐོག 《རྒྱལ་ཁབ་ལ་དབང་བའི་རིག་གནས་ཁེ་ལས་ཀྱི་སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་པ། སྤྱི་ཚོགས་ཀྱི་ཕན་ འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་བར་བྱེད་པའི་མཛུབ་ཁྲིད་བསམ་འཆར་》གྲོས་འཆམ་བྱུང་བ་རེད།《 མཛུབ་ཁྲིད་བསམ་འཆར་》བཏོན་པ་དེས་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ལ་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཐོག་ལ་སྔར་ལས་ལྷག་པའི་བླང་བྱ་བཏོན་ཡོད།

    རྒྱལ་ཁབ་ལ་དབང་བའི་རིག་གནས་ཁེ་ལས་ནི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཐད་ཀྱི་སྔོན་ཐོན་རིག་གནས་ཀྱི་གལ་ཆེའི་སྟོབས་ཤུགས་ཤིག་རེད།  དེས་སྤྱི་ཚོགས་ཐོག་གི་“ སྣེ་ཁྲིད་” ཀྱི་ དཔེ་སྟོན་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད། དཔེ་སྟོན་སྣེ་ཁྲིད་ཀྱིས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཕན་ཚུན་གཅིག་ གྱུར་ཡོང་བར་སྐུལ་འདེད་གཏོང་བའི་ཁྲོད་མདུན་གྲལ་དུ་སླེབས་ཡོད། རྒྱལ་ཁབ་ལ་ དབང་བའི་ཁེ་ལས་རིག་གནས་འཛུགས་སྐྱོང་གིས་ཐོག་མཐའ་བར་གསུམ་དུ་སྔར་ཡོད་ངོས་ འཛིན་བྱེད་སྟངས་ལས་བརྒལ་བ་དང་། ཕན་པ་ཡོད་པའི་སྲོལ་རྒྱུན་རིག་གནས་ཡོད་ཚད་ ཤུལ་འཛིན་བྱ་ཐུབ་པ་བྱས་ནས་བཅུད་ལེན་རྙིང་དོར་དང་ཁྱོན་ཡོངས་ནས་བེད་སྤྱོད་བྱེད་པ་དང་དུས་མཚུངས་རྒྱལ་ཁབ་ལ་དབང་བའི་རིག་གནས་ཁེ་ལས་ཀྱི་སྤྱི་ཚོགས་ཀྱི་ཕན་འབྲས་ལེགས་པོ་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་། སྤྱི་ཚོགས་ཀྱི་རིན་ཐང་དམིགས་སུ་བཀར་བའི་ཚོང་གཉེར་འདུ་ཤེས་དང་། བཅོས་སྐྱོང་གྲུབ་ཚུལ་འཐུས་ཚང་དུ་གཏོང་བ། གྲུབ་འབྲས་དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་སྟོབས་ཆེར་དང་ལེགས་པ། གཞི་རྒྱ་ཆེ་རུ་བཅས་སུ་གཏོང་དགོས་།

    ད་རེས་ཀྱི་གྲོས་ཚོགས་ཐེངས་བཅུ་བཞི་པའི་ཐོག་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ ཁྲོད་རྒྱལ་ཁབ་ལ་དབང་བའི་རིག་གནས་ཁེ་ལས་ཀྱིས་ངེས་པར་དུ་གྲུབ་འབྲས་གཉིས་གཅིག་ འགྱུར་ཡོང་བའི་གདེང་འཇོག་གི་དཔྱད་ཞིབ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་ཕན་འབྲས་ལ་ཚད་འཇོག་ཐུབ་པ་དང་ཞིབ་བཤེར་གྱི་དགོས་པ་སྐོང་ཐུབ་པ།  རིག་ གནས་དང་དཔལ་འབྱོར་སྲིད་ཇུས་དོན་འཁྱོལ་དང་འཐུས་ཚང་དུ་བཏང་སྟེ་རིག་གནས་ཁྲོམ་ རའི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ལ་དབང་བའི་རིག་གནས་ཁེ་ལས་ སྐྱོན་བྲལ་ངང་གོང་འཕེལ་ཡོང་བའི་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་གཏོང་ཐུབ་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།