ས་ཡོམ་རྒྱག་སྐབས་བར་སྟོང་ཆུང་ཆུང་གདམ་རྒྱུ་དང་། ཁྱིམ་ཆས་སྲ་ཞིང་མཁྲེགས་པའི་གཞོགས་སུ་གབ་དགོས།
ཡིབ་ནས་སྡོད་རྒྱུའམ་ཙོག་པར་སྡོད་པ། ཡང་ན་ས་སྟེང་དུ་སྡོད་དགོས་ཤིང་གཟུགས་པོ་གང་ཐུབ་ཀྱིས་བསྐུམས་ནས་སྡོད་དགོས།
སྒྲོག་ཙེ་སོགས་བརྟན་པོར་གནས་པའི་ཅ་དངོས་ཆེ་རིགས་ལ་ལག་པ་དམ་པོ་འཇུ་དགོས།
མགོ་དང་མིག་ལ་དོགས་ཟོན་བྱེད་དགོས་པ་དང་། ཁ་དང་སྣ་གཉིས་བཀབ་དགོས།
མི་མང་ས་དང་འཚང་ཁ་ཆེ་སར་འགྲོ་རྒྱུ་མེད་ལ། མེ་གང་བྱུང་དུ་སྤོར་རྒྱུ་མེད། དེའི་རྒྱུ་མཚན་ནི་མཁའ་རླུང་ནང་འབར་སླ་བའི་རླུང་གཟུགས་ཡོད་པའི་རྐྱེན་གྱིས་ཡིན།
གལ་སྲིད་ཕྱི་ལོགས་སུ་ཡོད་ཚེ། གུ་ཡངས་སར་ཙོག་པར་སྡོད་པའམ་ཡང་ན་ཁ་སྦུབ་སློག་ནས་སར་ཉལ་དགོས། ཁང་པའི་ནང་སླར་ཡང་འཛུལ་རྒྱུ་མེད་ལ། མི་མང་སར་འགྲོ་རྒྱུ་མེད།
མཐོ་སར་བཞག་པའི་ཅ་དངོས་ཀྱི་འོག་ཏུ་སྡོད་མི་རུང་། དཔེར་ན། གློག་སྣོན་སྒྱུར་ཆས་དང་། གློག་ཤིང་། ལམ་སྒྲོན། བརྡ་ཆའི་བྱང་བུ། ལྗིད་འདེགས་འཕྲུལ་འཁོར་སོགས་ལྟ་བུ།
ཉེན་ཁ་ཆེ་བའི་གནས་སུ་སྡོད་རྒྱུ་མེད། དཔེར་ན་སྲང་ལམ་ཆུང་ཆུང་དང་། ཁང་རྙིང་། གྱང་རོ། སྒོ་འཕིགས་མཐོ་པོ་སོགས་ལྟ་བུ།