དབུ་ཤོག>གསར་འགྱུར།
  • ཐོན་ཁུངས་ལེགས་སྒྲིག་བྱས་། ཕན་འབྲས་མངོན་གསལ་དོད་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-18

    210122_yis_1442381277845.jpg

    མིག་སྔར། ཞིང་ལས་ཐོན་རྫས་ཁྲོམ་ར་རིན་གོང་དང་སྤུས་ཚད་ཀྱི་འགྲན་རྩོད་ནས་སྤུས་རྟགས་ཀྱི་འགྲན་རྩོད་ལ་གྱུར་པའི་དུས་རབས་ཀྱི་རྒྱབ་ལྗོངས་འོག ལྷ་ས་གྲོང་ཁྱེར་གྱིས་སྤུས་ལེགས་ཁྱད་ལྡན་ཐོན་ཁུངས་ཁག་གཅིག་ལེགས་སྒྲིག་བྱས་ཏེ་ཁྲོམ་ར་བརྩོན་ལེན་བྱས་ནས། གཙོ་གནད་ཐོག“ལྷ་སའི་ས་གཙང”དེ་ས་ཁོངས་ཡོངས་དང་ཐོན་ལས་ཀྱི་སྦྲེལ་ཐག་ཡོངས་སུ་ཁྱབ་པའི་ཞིང་འབྲོག་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཤིག་ཏུ་བསྐྲུན་ཏེ། རང་ལྗོངས་སུ་ཡུན་རིང་ཁྱད་ལྡན་ཐོན་ལས་ཀྱི་མིང་ཡོད་ཀྱང་སྤུས་རྟགས་མེད་པའི་རྣམ་པར་འགྱུར་ལྡོག་བཏང་བ་མ་ཟད། དེ་སྔོན་ཞིང་ལས་ཐོན་རྫས་གཞི་ཁྱོན་ཆུང་བ་དང་ཚད་ལྡན་གྱི་ཆུ་ཚད་དམའ་བ། དེ་བཞིན་ཐོན་རྫས་ཀྱི་རིན་ཐང་མངོན་མི་ཐུབ་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཤིང་། འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མཉེས་ཐང་ཤང་གི་ཤ་མོ་ཐོན་སྐྱེད་རྟེན་གཞིའི་ལས་དོན་མི་སྣས་ཤ་མོའི་སྐྱེ་ཚུལ་ལ་ལྟ་བཞིན་ཡོད་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།