དབུ་ཤོག>གསར་འགྱུར།
  • ​ སྡེ་ཁུལ་དུ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་མིང་ཐོ་འགོད་པར་བསྐྱོད་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-18

    གསར་འགོད་པར་ཉིང་ཁྲི་གྲོང་ཁྱེར་ནས་ཤེས་རྟོགས་བྱུང་གསལ། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཏང་ཡོན་གྱིས་མང་ཚོགས་ལ་ཐད་ཀར་འབྲེལ་བ་དང་ཞབས་ཞུ་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་བ། གཞི་རིམ་གྱི་ཞབས་ཞུ་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་གྱིས་ལས་ཐོག་ཏང་ཡོན་སྡེ་ཁུལ་དུ་མང་ཚོགས་ལ་ཞབས་འདེགས་ཞུ་བར་མིང་ཐོ་འགོད་པའི་བྱེད་སྒོ་ཏན་ཏིག་སྤེལ་ནས་ལས་ཐོག་ཏང་ཡོན་གྱི་ལས་ཀའི་སྤྱོད་ཚུལ་འགྱུར་ལྡོག་ཧུར་ཐག་གཏོང་བ་དང་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱས་པ་རེད།

    ཉིང་ཁྲི་གྲོང་ཁྱེར་གྱིས《ལས་ཐོག་ཏང་ཡོན་སྡེ་ཁུལ་དུ་མང་ཚོགས་ལ་ཞབས་འདེགས་ཞུ་བར་མིང་ཐོ་འགོད་པའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》བཟོས་ནས་ལས་ཐོག་ཏང་ཡོན་སྡེ་ཁུལ་དུ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་མིང་ཐོ་འགོད་པའི་འགན་འཁྲི་དང་འོས་འགན་དང་། འབྱོར་ཐོ་འགོད་པའི་དུས་ཚད། ཞབས་ཞུའི་རྣམ་པ་སོགས་ཁ་གསལ་བཟོས་པ་རེད། ལས་ཐོག་ཏང་ཡོན་སྒྲིག་འཛུགས་བྱས་ནས“སྡེ་ཁུལ་དུ་སྐྱོད་དོན་གང་ཡིན་པ་དང་། སྡེ་ཁུལ་དུ་བསྐྱོད་ནས་གང་ཞིག་བྱེད་དགོས་པ། སྡེ་ཁུལ་དུ་བསྐྱོད་ནས་ཇི་ལྟར་བྱེད་དགོས་པ”བགྲོ་གླེང་ཆེན་པོ་བྱས་ཏེ་དུས་ཐོག་ཏུ་སྐུལ་སློང་ཚོགས་འདུ་འཚོགས་ནས་ལས་ཐོག་ཏང་ཡོན་གྱིས་ཧུར་བརྩོན་ངང་སྡེ་ཁུལ་འཛུགས་སྐྲུན་དང་དམངས་ཆེད་ཞབས་ཞུ་བྱ་རྒྱུའི་ནང་ཞུགས་རྒྱུར་སྐུལ་སློང་བྱས་ནས་མང་ཚོཌ་ལམ་ཕྱོཌ་ལག་བསྟར་སྣེ་ཁྲིད་བྱས་པ་རེད།

    ལས་ཐོག་ཏང་ཡོན་གྱིས་ཚན་པའི་ཏང་རྩ་འཛུགས་ཀྱིས་བཀོད་སྒྲིག་བྱས་པ་གཞིར་བཟུང་གནས་སྡོད་བྱ་ཡུལ་གྱི་སྡེ་ཁུལ་དུ་མིང་ཐོ་བཀོད་ནས་རང་གི་འདོད་མོས་དང་། དགེ་མཚན། ནུས་པ། ཆ་རྐྱེན་བཅས་ལ་གཞིགས་ཏེ་རང་འགུལ་ངང་སྡེ་ཁུལ་ཏང་རྩ་འཛུགས་ཀྱིས་བཀོད་སྒྲིག་བྱས་པའི་ཞབས་ཞུའི་རྣམ་གྲངས་དང་ལས་འགན་ངོས་འཛིན་བྱས་ཏེ་དྲིལ་བསྒྲགས་ཁྲིད་སྟོན་ཤུགས་ཆེན་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ཤེས་རྟོགས་བྱེད་པ། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་པ། སྡེ་ཁུལ་འཛུགས་སྐྲུན་ནང་ཞུགས་པ། སྡེ་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་སོགས་ལས་དོན་ཤུགས་ཆེན་སྤེལ་ཏེ་སྡེ་ཁུལ་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས། འདི་ལོའི་ཟླ་2པའི་ཟླ་དཀྱིལ་གོང་དུ་ལས་ཐོག་ཏང་ཡོན་ཁྲི་1ལྷག་ཙམ་ཚང་མས་དུས་ཐོག་ཏུ་སྡེ་ཁུལ་དུ་མིང་ཐོ་བཀོད་པས་སྡེ་ཁུལ་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་རྒྱུ་མངོན་འགྱུར་བྱུང་ཡོད།

    ཚན་པའི་ཏང་རྩ་འཛུགས་ཀྱིས་རང་འགུལ་ངང་སྡེ་ཁུལ་ཏང་རྩ་འཛུགས་ཀྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་ཡོན་གྱིས་དམིགས་ཡུལ་གྱི་འདུ་ཤེས་འཛུགས་རྒྱུར་ལྟ་སྐུལ་ཧུར་ཐག་བྱེད་པ་དང་། རང་རྟོགས་ངང་སྤྱོད་ཚུལ་བསྒྱུར་བ། གང་མགྱོགས་མིང་ཐོ་བཀོད་ནས་ཞབས་ཞུ་བྱས་པ་རེད། སྡེ་ཁུལ་ཏང་རྩ་འཛུགས་ཀྱིས་ལས་ཐོག་ཏང་ཡོན་གྱི་སྡེ་ཁུལ་གྱི་རྣམ་འགྱུར་མཚོན་ཚུལ་ཡིག་ཚགས་བཟོ་བ་དང་། ཞབས་ཞུའི་དངོས་བྲིས་གཱ་བཟོས་ནས་ཏང་ཡོན་གྱིས་ལེགས་སྐྱེས་འབུལ་བ་དང་། ཏང་ཡོན་གྱི་ཞབས་ཞུའི་བརྒྱུད་རིམ་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ། དུས་ཐོག་ཏུ་ཏང་ཡོན་གནས་སའི་ཚན་པར་ཏང་ཡོན་གྱིས་སྡེ་ཁུལ་དུ་ཞབས་ཞུ་བྱེད་ཚུལ་ལ་བརྡ་ལན་སྤྲོད་པ། ཏང་ཡོན་གྱི་ནང་གནས་སྒུལ་ཤུགས་འཕེལ་བ་བཅས་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་འགྱུར་རྒྱུར་སྐུལ་མ་བཏང་བ་རེད། ཉིང་ཁྲི་གྲོང་ཨུད་རྩ་འཛུགས་པུའུ་དང་ལས་རིགས་7ཁོངས་གཏོགས་ཀྱི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཆེད་མི་མངགས་ནས་སྡེ་ཁུལ་དུ་འཚམས་འདྲི་དང་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། དཀའ་གནད་དང་གནད་དོན་ཤེས་རྟོགས་བྱེད་པ། སྡེ་ཁུལ་དུ་ཐབས་འདོན་ཇུས་འགོད་ལ་རོགས་རམ་ཧུར་ཐག་བཅས་བྱས་ནས་ལས་ཐོག་ཏང་ཡོན་སྡེ་ཁུལ་དུ་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུར་མིང་ཐོ་འགོད་པའི་ལས་དོན་མཉམ་དུ་སྤེལ་རྒྱུར་སྐུལ་མ་གཏོང་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།