ཉེ་ཆར་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས་ལྗོངས་ཡོངས་ཀྱི་གྲོང་ཚོའི་(གྲོང་ལྷན)ཏང་ཀྲི་པུའུ་ཧྲུའུ་ཅིའི་དཔེ་སྟོན་གྱི་གསོ་སྦྱོང་འཛིན་གྲྭ(བོད་ཡིག)སློབ་མཇུག་འགྲིལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭའི་སློབ་མ100དང་ས་གནས་ཁག་དང་གྲོང་ཁྱེར་ཁག་གི་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་རྒྱང་རིང་སློབ་གསོའི་མ་ལག་བརྒྱུད། སྐབས་བསྟུན་ཐད་གཏོང་ལེ་ཚན་ལྟ་བའི་སློབ་མ217གྱིས་གསོ་སྦྱོང་དང་ལེན་བྱས་པ་རེད།
ད་རེས་ཀྱི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་ནི་ཏང་གི་ཆབ་སྲིད་སྒྲིག་ལམ་དང་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་དང་ལས་སྒྲུབ་བྱེད་ནུས་གོང་མཐོར་གཏོང་ཆེད་སྤེལ་བ་ཞིག་ཡིན། གསོ་སྦྱོང་ནང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན། མི་རིགས་ཆོས་ལུགས་སྲིད་ཇུས། ཏང་གི་ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་གཟིགས་སྐྱོང་གི་སྲིད་ཇུས་སོགས་སློབ་ཁྲིད་ཆེད་དོན་20དང་ལྟ་སྐོར་བརྟག་ཞིབ་ཐེངས7བཀོད་སྒྲིག་བྱས་པ་རེད། སློབ་ཁྲིད་ཧྲིལ་པོ་བོད་སྐད་ཀྱི་ཐོག་ནས་བྱས་པར་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ལྡན་པས་སྔོན་དཔག་གི་དམིགས་ཡུལ་སྒྲུབ་ཡོད་པ་རེད།
སློབ་མཇུག་འགྲིལ་བའི་མཛད་སྒོའི་ཐོག་ས་གནས་དང་གྲོང་ཁྱེར་ཁག་གི་སློབ་མའི་འཐུས་མི་7གྱིས་སློབ་སྦྱོང་གི་གནས་ཚུལ་སྙན་སེང་ཞུས་པ་རེད།