ཀླད་པའི་གཟའ་ནད་མི་རྒན་དར་ལ་ཕོག་པ་མང་ཞིང་། འཆི་ཚད་ཀྱང་ཅུང་མཐོ་བའི་ནད་རིགས་ཤིག་རེད། གསོ་རིག་ཞིབ་འཇུག་ལས། མིའི་ཀླད་པའི་ནང་དུ་དབང་རྩའི་ཚོར་བརྡ་བརྒྱུད་གཏོང་དབང་པོ་ཞེས་བྱ་བའི་རྫས་འགྱུར་དངོས་པོ་ཞིག་ཡོད་པ་དེས་དུས་རྒྱུན་དབང་རྩའི་ཕྲ་ཕུང་མཐུན་སྦྱོར་བྱེད་པའི་ནུས་པ་ཐོན་པ་གསལ་སྟོན་བྱས། གཟའ་ནད་ཕོག་པའི་མོད་ལ་ཀླད་པའི་ནང་གི་ཡན་ལག་ག་གེ་མོ་ཞིག་གི་ཁྲག་རྒྱུན་བཞུར་བར་བགེགས་བྱ་ཏེ་རྫས་འགྱུར་དངོས་པོ་དེ་རིགས་ཀྱི་འདུས་ཚད་དྲག་ཏུ་འཕར་བའི་ཁར། ད་དུང་ཀལ་ཞེས་པའི་རྒྱུ་ཀླད་པའི་ཕྲ་ཕུང་ནང་ཤོར་བ་དང་ཚབས་ཆེ་རིགས་ལ་ཡང་སྲོག་ཉེན་ཡོད། ཨ་རིའི་ཞིབ་འཇུག་མི་སྣས་ཞིབ་འཇུག་བྱས་པ་བརྒྱུད། འོ་མ་དང་དཀར་ཆུའི་ཟས་རིགས་ནང་འཚོ་བཅུད་རིགས་ཤིག་འདུས་ཡོད་པ་དེས་ཚད་ལས་བརྒལ་བའི་ཀལ་གྱི་དབང་རྩར་གནོད་འཚེ་བཟོ་བར་བགེགས་བྱས་ཏེ་ཀླད་པར་ལ་སྲུང་སྐྱོང་ཐུབ་པ་ཤེས།
དེར་བརྟེན། སྐྱེ་བོ་རྒན་དར་སྤྱི་དང་ལྷག་པར་དུ་ཁྲག་ཤེད་མཐོ་བ་དང་། ཁྲག་རྩ་སྲ་འགྱུར། ཀླད་པའི་གཟའ་ནད་ཕོག་པའི་ནད་པས་དཀར་ཆུའི་རིགས་འོས་འཚམ་བཏུང་ན་ཀླད་པའི་གཟའ་ནད་འགོག་བཅོས་ལ་ཕན་ནུས་ཆེན་པོ་ལྡན།