དབུ་ཤོག>གསར་འགྱུར།
  • ཉིན་ལྟར་འཕྲད་པའི་བླང་བྱ་ལེགས་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-09-17

    ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་ནམ་ཡང་མཚམས་འཇོག་མི་སྲིད། ཉིན་ཤས་གོང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས“ནན་གསུམ་དྲང་གསུམ”ལག་ལེན་བསྟར་རྒྱུའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་དྲུག་པ་བྱས་ཏེ“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོར་སྔར་བས་བཀོད་སྒྲིག་བྱས་པ་རེད། “རྩ་བ་བརྟན་དུ་གཏོང་བ་དང་། ཞིབ་ཕྲ་དང་དོན་ཆུང་ནས་དོན་འཁྱོལ་བྱེད་པ། ཡལ་བཅོས་རྒྱག་པ། གཞན་ཇུས་དགོངས་བཞེས་མགྱོགས་པ”བཅས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཏང་ཡོན་ལས་བྱེད་པས“ནན་གསུམ་དྲང་གསུམ”ལག་ལེན་བསྟར་རྒྱུའི་ཐད་ཕྱོགས་བཞིའི་བླང་བྱ་གསར་པ་བཏོན་ནས་རང་རེའི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དགོངས་དོན་ནན་པོར་གཞིགས་ནས་ལས་དོན་ཁག་ཡག་པོ་བསྒྲུབ་ཆེད་སྔར་བས་ཁ་ཕྱོགས་གསལ་སྟོན་གནང་ཡོད།

    བློ་མཐུན་མའོ་ཙེ་ཏུང་གིས་དེ་སྔ་ནས་བསྟན་དོན། གུང་ཁྲན་ཏང་མིས་ངེས་པར་དུ་ག་དུས་ཡིན་ཡང་བདེན་དོན་མཐའ་འཁྱོངས་ཀྱི་གྲ་སྒྲིག་བྱེད་དགོས་ཏེ། བདེན་དོན་གང་ཡིན་ཡང་མི་དམངས་ཀྱི་ཁེ་ཕན་དང་འཚམ་པ་དང་། གུང་ཁྲན་ཏང་མིས་ངེས་པར་དུ་ག་དུས་ཡིན་ཡང་ནོར་འཁྲུལ་ཡོ་བསྲང་བྱ་རྒྱུའི་གྲ་སྒྲིག་བྱེད་དགོས་ཏེ། ནོར་འཁྲུལ་གང་ཡིན་ཡང་མི་དམངས་ཀྱི་ཁེ་ཕན་དང་འཚམ་གྱི་མེད། “ནན་གསུམ་དྲང་གསུམ”ནི་ང་ཚོར་ཉིན་ལྟར་འཕྲད་པའི་བླང་བྱ་ཡིན། ཏང་ཡོན་ལས་བྱེད་པར་ཆ་མཚོན་ན། “ནན་གསུམ་དྲང་གསུམ”ལག་ལེན་བསྟར་རྒྱུར་རྒྱུན་འཁྱོངས་ལྷོད་མེད་བྱེད་རྒྱུ་གལ་ཆེ་བ་དང་དུས་རྣམ་ཀུན་ཏུ་བློ་ལ་འཛིན་པ་དང་། ལས་དོན་ཚང་མར་མཐའ་འཁྱོངས་བྱེད་པ། ཐམས་ཅད་ཡིད་ལ་འཆང་བ་བཅས་བྱེད་དགོས། “ནན་གསུམ་དྲང་གསུམ”ལག་ལེན་བསྟར་རྒྱུ་དེ་བྱ་སྤྱོད་ལ་རག་ལུས་པ་དང་། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཕན་པ་ཡོད་དོ་ཅོག་མཐའ་གཅིག་ཏུ་སྒྲུབ་པ་དང་། ཧུར་ཐག་ངང་སྒྲུབ་པ། སྐད་ཅིག་ཙམ་ཡང་ལྷོད་མེད་སྒྲུབ་པ་བཅས་བྱེད་དགོས། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་མི་ཕན་པ་ཐམས་ཅད་མཐའ་གཅིག་ཏུ་ཡོ་བསྲང་བྱེད་པ་དང་། དཔྱིས་ཕྱིན་པར་ཡོ་བསྲང་བྱེད་པ། སྐད་ཅིག་ཙམ་ཡང་མི་ལྷོད་པར་ཡོ་བསྲང་བཅས་བྱེད་དགོས། འདི་ནི་ཏང་ཡོན་ལས་བྱེད་པས་ཏང་གཤིས་སྦྱོང་བརྡར་དང་། སྤྱོད་ཚུལ་ལེགས་བཅོས། ལས་སྒྲུབ་ལས་གཏོད་བཅས་བྱེད་པའི་སྐུལ་ལྕག་ཆེན་པོ་ཞིག་ཡིན།

    “ནན་གསུམ་དྲང་གསུམ”ཉིད་ཏང་ཡོན་ལས་བྱེད་པའི་ཉམས་ལེན་གྱི་རྩ་བ་དང་། སྲིད་སྐྱོང་གི་ཐབས་ལམ། དོན་འགྲུབ་པའི་འགག་རྩ་བཅས་སུ་བྱེད་པ་ལས་སོ་སོར་ཕྲལ་ནས་ལྟ་སྟངས་འཛིན་མི་རུང་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པ་དང་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས། “རྩ་བ་བརྟན་དུ་གཏོང་བར་བསམ་པའི་སྒལ་ཚིགས་འདྲོང་པོར་སྲོང་དགོས། ཞིབ་ཕྲ་དང་དོན་ཆུང་ནས་དོན་འཁྱོལ་བྱེད་པར་དོན་ཆུང་ཡང་ཞིབ་ཕྲར་དོ་སྣང་བྱེད་དགོས། ཡལ་བཅོས་རྒྱག་པར་རང་རྟོགས་ངང་སྒྱུར་བཅོས་ལེགས་གཏོང་བྱེད་དགོས། གཞན་ཇུས་དགོངས་བཞེས་མགྱོགས་སུ་གཏོང་བར་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་དགོས”སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་པའི་བླང་བྱ་རབས་དང་རིམ་པའི་ཐོག་ནས་རྩོད་སྒྲུབ་ཀྱི་རིགས་ལམ་མངོན་པ་དང་འགག་རྩའི་གནད་དོན་སྟངས་འཛིན་བྱས་པས་ཏང་ཡོན་ལས་བྱེད་པར“ནན་གསུམ་དྲང་གསུམ”ལག་བསྟར་བྱ་ཆེད“ལམ་ཐིག་རི་མོ”བྲིས་ཡོད་པ་རེད།

    “ནན་གསུམ་དྲང་གསུམ”ལག་བསྟར་བྱེད་པར་བསམ་བློ་དང་བྱ་སྤྱོད་ཀྱི་འབྲེལ་བར་ཐག་གཅོད་ཡག་པོ་བྱེད་དགོས། བསམ་བློ་ནི་སྣེ་ཁྲིད་དང་བྱ་སྤྱོད་ནི་མངོན་ཚུལ་ཡིན། མར་ཁེ་སི་རིང་ལུགས་ལ་དད་མོས་དང་། གུང་ཁྲན་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ལ་དད་པ། ཏང་དང་མི་དམངས་ལ་བློ་དཀར་བཅས་བྱས་ཚེ་ད་གཟོད་བསམ་བློའི་ཐོག་གི་སྲོག་ཤིང་ཆགས་པ་དང་། ད་གཟོད་རྩ་བ་དང་བླ་སྲོག་བརྟན་སྲུང་བྱེད་ཐུབ་པ། ད་གཟོད་རིམས་འགོག་ནུས་པ་དང་འགོག་རྒོལ་ནུས་པ་ཆེན་པོ་ཡོད་པ་བཅས་སུ་འགྱུར་བ་དང་། བསླུ་བྲིད་ཀྱིས་སེམས་མི་གཡོ་བ་དང“རྔོན་རྒྱ”རུ་མི་ཚུད་པ་རེད། ཚོད་བགམ་ནི་རྟག་པར་ཞིབ་ཕྲ་ཡིན་པ་དང“ནན་གསུམ་དྲང་གསུམ”ཉིད་ལས་ཀ་དང་འཚོ་བའི་ཕྱོགས་ཐམས་ཅད་དུ་ཁྱབ་པ་དང་། ནན་དང་དངོས་ནི་དོན་དག་རེ་རེ་དང་ལག་རྗེས་ཕྲན་བུ་ནས་བསགས་པ་ཡིན། “ནན་གསུམ་དྲང་གསུམ”དེ་ནང་སེམས་དང་ཕྱིའི་བྱ་སྤྱོད་ལ་རག་ལུས་ཁར་བྱས་རྗེས་ཕྲན་བུ་ཡིན་ཡང་མང་ཙམ་འཇོག་པ་དང་། རྣམ་ཀུན་རྐྱེན་རྩ་ཆུང་བཟློག་བྱས་ཚེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་དེ་ཉིད་འགྲེལ་བཤད་དང་མངོན་མཚོན་བྱེད་ཐུབ།

    “ནན་གསུམ་དྲང་གསུམ”ལག་ལེན་བསྟར་བར་རང་གཅུན་དང་གཞན་གཅུན་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས། རང་གཅུན་ནི་རྨང་གཞི་ཡིན་ལ་གཞན་གཅུན་ནི་འགན་ལེན་ཡིན། སྤྱོད་ཚུལ་འཛུགས་སྐྱོང་ནི་འཛད་མཐའ་མེད་པའི“ཉམས་ལེན”ཡིན། རང་ཉིད་སྒྱུར་བཀོད་དང་རང་ཉིད་ལེགས་གཏོང་ཐད་མཚམས་མེད། བསམ་བློའི་སྙིགས་རྡུལ་གཙང་འཕྱག་དང་། སྲོལ་ངན་འཇོམ་པ། ནོར་འཁྲུལ་གྱི་གཏམ་སྤྱོད་ཡོ་བསྲང་བཅས་ནི་ནམ་ཡང་སྒྲུབ་བཞིན་པའི་ལས་དོན་ཡིན། “ནན་གསུམ་དྲང་གསུམ”ལག་བསྟར་བྱེད་པར་རང་ངོས་ཀྱི་འབད་བརྩོན་ལ་བརྟེན་དགོས་ལ་ཏང་དང་མི་དམངས་ཀྱི་ལྟ་སྐུལ་ལའང་བརྟེན་དགོས། རང་རེའི་ཏང་ལ་རྩ་འཛུགས་དང་སྒྲིག་ལམ་ནན་པོ་ལྡན་པ་དང་། ཏང་གི་ལས་བྱེད་པས་རྩ་འཛུགས་དང་མི་དམངས་ཀྱི་ལྟ་སྐུལ་ཉིད་དང་ལེན་བྱེད་རྒྱུ་ལུགས་མཐུན་ཞིག་ཡིན། ལྟ་སྐུལ་སྣ་ཚོགས་སྔར་བས་ནུས་ལྡན་དང་གོ་ཆོད་པ་བྱས་ཏེ་རིམ་ཁག་ལས་བྱེད་པར་སྔར་བས་རང་གཅུན་ནན་པོ་བྱེད་དུ་འཇུག་རྒྱུ་ནི་ལས་བྱེད་པར་གཅེས་སྐྱོང་ཆེ་ཤོས་བྱེད་པ་ཞིག་ཡིན་ལ་བྱ་གཞག་ལ་འགན་ཆེན་པོ་འཁུར་བ་ཞིག་ཀྱང་ཡིན།

    “ནན་གསུམ་དྲང་གསུམ”གྱི་བླང་བྱ་གསར་པ་ལག་བསྟར་བྱས་ཏེ་ཆེད་དོན་སློབ་གསོ་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་འགྲེང་ཐུབ་པར་གྱུར། གོང་གིས་གཤམ་གྱི་སྣེ་འཁྲིད་རྒྱུ་མཐའ་འཁྱོངས་ཀྱིས་འགོ་ཁྲིད་ལས་བྱེད་པས་དམ་འཛིན་དང་དོ་དམ་བྱེད་ཕོད་པ། རང་དཔེ་གཞན་སྟོན་ཐད་གྲུབ་འབྲས་མངོན་པ། སྒྲིག་སྲོལ་བརྩི་སྲུང་ཐད་བྱ་སྤྱོད་མངོན་པ། དག་ཐེར་དོན་འཁྱོལ་ཐད་ཕན་འབྲས་མངོན་པ་བཅས་བྱུང་ཚེ་ཆེད་དོན་སློབ་གསོར་སྒུལ་ཤུགས་འཕེལ་ཐུབ། གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་དྲང་ལྡོག་དཔེ་མཚོན་དེ་མེ་ལོང་དུ་བྱས་ཏེ་ནན་དྲང་མིན་པའི་གནད་དོན་འཚོལ་ཞིབ་མངོན་གསལ་དོད་པོ་ཡོང་བ་དང་། ཐག་གཅོད་ཐད་ཤུགས་རྒྱག་པ་དང་། ཚན་ཁག་དང་མི་སྒེར་གྱི་དོན་དངོས་ལ་འབྲེལ་གཏུག་བྱས་ཏེ་གནད་དོན་གྲལ་བཤེར་ཟབ་མོ་བྱས་ཚེ་ཆེད་དོན་སློབ་གསོར་སྔར་བས་དམིགས་སའི་རང་བཞིན་ཡོད་པར་གྱུར། ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྔར་བས་སྒྲིག་སྲོལ་བཟོས་ཏེ“ནན་གསུམ་དྲང་གསུམ”ལག་བསྟར་ལམ་ལུགས་ཅན་དང་། རྒྱུན་རྣམ་ཅན། ཕུགས་ཕན་ཅན་བཅས་སུ་འགྱུར་རྒྱུར་སྐུལ་མ་གཏོང་དགོས། ལས་ཀ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཆེད་དོན་སློབ་གསོ་ཉིད་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ཁྲོད་འདྲེས་ཐུབ་པ་བྱས་ཏེ་ཧུར་ཐག་ཡར་བརྩོན་དང་། ལས་སྒྲུབ་ལས་གཏོད། སྤྱོད་གཙང་གཞུང་དྲང་བཅས་ཀྱི་ཆབ་སྲིད་ཀྱི་རྣམ་པ་བཟང་པོ་ཧུར་ཐག་བཏོད་པ་དང་། འགོ་ཁྲིད་ལས་བྱེད་པར་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་ཧུར་ཐག་ངང་ཁ་གཏད་གཅོག་པ་དང་སྣེ་ཁྲིད་བྱ་རྒྱུར་སྐུལ་ལྕག་བཏང་ཚེ་ད་གཟོད་དོན་འཁྱོལ་དམ་འཛིན་དང་ཕན་འབྲས་དོན་གཉེར་ལ་སྐུལ་མ་གཏོང་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།