དབུ་ཤོག>གསར་འགྱུར།
  • 《གོ་ལ་ཧྲིལ་པོའི་ནུས་རྒྱུ་དྲ་སྦྲེལ》གྱི་བགྲོ་གླེང་ཚོགས་འདུ་དང་དབྱིན་ཡིག་པར་མའི་པར་ཕུད་འགྲེམས་སྤེལ་མཛད་སྒོ་ཉིའུ་གཡོད་དུ་འཚོགས་པ།

  • ཡོང་ཁུངས།  ​ མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-09-17

    ཚེས་14ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་ལས་རོགས་ཡ་ནུའོ་ཧྲེ·ཕ་སི་ཐུར་གྱིས་ཉིའུ་གཡོད་དུ་འཚོགས་པའི《གོ་ལ་ཧྲིལ་པོའི་ནུས་རྒྱུ་དྲ་སྦྲེལ》གྱི་བགྲོ་གླེང་ཚོགས་འདུ་དང་དབྱིན་ཡིག་པར་མའི་པར་ཕུད་འགྲེམས་སྤེལ་གྱི་མཛད་སྒོའི་ཐོག་གོ་ལ་ཧྲིལ་པོའི་ནུས་རྒྱུ་དྲ་སྦྲེལ་འཛུགས་པ་དང་། དྭངས་གཙང་ནུས་རྒྱུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེས་ཐཱན་འབུད་ཚད་ཆེས་ཆེར་ཉུང་དུ་འགྲོ་རྒྱུ་ཡིན་པ་དང་དེ་ནི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ལག་རྩལ་ཇུས་འགོད་གལ་ཆེན་ཞིག་ཡིན་པས། འདི་ལོའི་ལོ་མཇུག་ཏུ་ཧྥ་རན་སེའི་ཕ་རི་སིར་འཚོག་རྒྱུའི་སྐབས་ཉེར་གཅིག་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་ཚོགས་ཆེན་ཐོག་དང་ལེན་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

    “ད་ཆ་གོ་ལ་ཧྲིལ་པོའི་རྡོ་འགྱུར་ནུས་རྒྱུ་གཞི་ཁྱོན་ཆེན་པོས་གསར་སྤེལ་དང་བེད་སྤྱོད་བྱས་པས་ཐོན་ཁུངས་དཀོན་པ་དང་། ཁོར་ཡུག་སྦགས་བཙོག གནམ་གཤིས་འགྱུར་ལྡོག་སོགས་ཀྱི་གནད་དོན་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད”《གོ་ལ་ཧྲིལ་པོའི་ནུས་རྒྱུ་དྲ་སྦྲེལ》དེབ་ཀྱི་རྩོམ་པ་པོ་ཀྲུང་གོ་རྒྱལ་ཁབ་གློག་དྲ་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་ཀྲེན་ཡ་ཡིས་དཔེ་དྲངས་ནས་བཤད་དོན་ཀྲུང་གོའི་ཤར་དབུས་རྒྱུད་ཀྱི་ས་ཁུལ་ལ་ནུས་ཁོངས་མཁོ་ཆེ་རུང་རྡོ་འགྱུར་ནུས་ཁུངས་མང་པོ་མེད། དེ་སྔ་ཀྲུང་གོའི་ནུབ་རྒྱུད་དང་བྱང་རྒྱུད་ནས་འདྲེན་པའི་རྡོ་སོལ་གྱིས་ས་གནས་དེ་གར་གློག་ཁང་བཙུགས་པས་ཕྱིར་འབུད་བྱེད་ཚད་མཐོ་བ་དང་སྦགས་བཙོག་བཟོ་ཆེ་བ་སོགས་ཀྱི་ཁོར་ཡུག་གི་གནད་དོན་བཟོས་ཡོད། ད་ཆ་ནུབ་བྱང་རྒྱུད་ཀྱི་རླུང་ནུས་དང་ཉི་ནུས་སོགས་དྭངས་གཙང་ནུས་རྒྱུར་བརྟེན་ནས་གློག་གཏོང་བ་མ་ཟད། སླར་ཡང་དམིགས་བསལ་གློག་ཆེན་ལག་རྩལ་སྤྱད་ནས་རྡོ་སོལ་གཏོང་རྒྱུ་དེ་གློག་གཏོང་རྒྱུར་གྱུར་ཏེ་དབུས་ཤར་རྒྱུད་ཀྱི་ས་ཁུལ་གྱི་ཉམས་ཞན་ཁོར་ཡུག་ལེགས་སུ་གཏོང་རྒྱུ་རེད་ཅེས་བཤད།

    ལིའུ་ཀྲེན་ཡ་ཡིས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་གལ་སྲིད་ཆུ་ནུས་དང་། རླུང་ནུས། ཉི་ནུས། ཉིང་རྡུལ་ནུས་པ་སོགས་དྭངས་གཙང་ནུས་པ་སྤྱད་དེ་གློག་གཏོང་བ་དང་སླར་ཡང་དམིགས་བསལ་གློག་ཆེན་གློག་དྲ་བརྒྱུད་ནས་གློག་ནུས་རྒྱལ་ཁབ་ཁག་གི་རིག་ནུས་གློག་དྲ་སྤྱོད་མཁན་དུད་ཚང་ཚང་མར་བཏང་ནས་གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་ཞིག་འཛུགས་རྒྱུ་དང་། “ཚབ་བྱེད་གཉིས”—དྭངས་གཙང་ནུས་རྒྱུས་འགྱུར་རྡོའི་ནུས་རྒྱུའི་ཚབ་བྱེད་པ་དང་། གློག་ནུས་ཀྱིས་རྡོ་སོལ་དང་རྡོ་སྣུམ་གྱི་ཚབ་བྱས་ཏེ་མིའི་རིགས་ཀྱི་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་ཚོད་འཛིན་བཟོ་བའི་ནུས་ཁུངས་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་ཐུབ་རྒྱུ་རེད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།