དབུ་ཤོག>གསར་འགྱུར།
  • ཀྲུང་གོའི་མཚོ་དམག་གི་ཡུན་ཁྲེང་དམག་གྲུ་ཧིན་རྡུ་ཉི་ཞི་ཡའི་རྒྱལ་སྤྱིའི་དམག་གྲུ་རུ་ཁག་གི་གཟིགས་ཞིབ་བྱེད་སྒོའི་སྔོན་གཏན་འཁེལ་བའི་མཚོ་ཁོངས་སུ་འབྱོར་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-09-17

    ཧིན་རྡུ་ཉི་ཞི་ཡའི་རྒྱལ་སྤྱིའི་དམག་གྲུ་རུ་ཁག་གི་གཟིགས་ཞིབ་བྱེད་སྒོའི་ནང་ཞུགས་མཁན་ཀྲུང་གོའི་མཚོ་དམག་གི་འཕུར་མདའ་སྲུང་སྐྱེལ་དམག་གྲུ་ཡུན་ཁྲེང་དམག་གྲུ་དེ་ཚེས་15ཉིན་བྱེད་སྒོའི་སྔོན་གཏན་འཁེལ་བའི་ཧིན་རྡུ་ཉི་ཞི་ཡའི་ཐོ་མི་ཉི་མཚོ་ཁུག་ཏུ་འབྱོར་པ་རེད།

    རྒྱལ་སྤྱིའི་དམག་གྲུ་རུ་ཁག་གི་གཟིགས་ཞིབ་བྱེད་སྒོ་དེ་ཧིན་རྡུ་ཉི་ཞི་ཡས་རང་བཙན་ཐོབ་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དུས་མཚུངས་ཧིན་རྡུ་ཉི་ཞི་ཡ་སྲིད་གཞུང་གི་ལོ་འཁོར་གྱི་འཆར་ཅན་བྱེད་སྒོ་ཞིག་ཀྱང་ཡིན་པ་རེད། དེའི་དམིགས་ཡུལ་ནི་ཐག་རིང་ལུང་ཁུག་ས་ཁུལ་དང་དེ་བཞིན་གླིང་ཕྲན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རོགས་སྐྱོར་བྱེད་པ་དང་རྒྱལ་ཁབ་གཞན་གྱི་མཚོ་དམག་དང་སྤེལ་རེས་དང་མཉམ་ལས་གཏིང་ཟབ་བྱེད་ཆེད་རེད།

    ད་ཐེངས་ཀྱི“ཐོ་མི་ཉི་2015མཚོ་སྐྱོད”ཅེས་པའི་བྱེད་སྒོ་དེ་གཙོ་བོ་ཧིན་རྡུ་ཉི་ཞི་ཡའི་ཐོ་མི་ཉི་མཚོ་ཁུག་དང་དེ་བཞིན་ཀྲུང་སུའུ་ལ་ཝུའེ་ཤིས་ཞིང་ཆེན་ཕ་ལི་ཅི—མོ་ཝུའུ་ཐུང་སྲིད་འཛིན་ཁུལ་དུ་སྤེལ་རྒྱུ་ཡིན་པ་དེའི་ནང་ཧིན་རྡུ་ཉི་ཞི་ཡའི་མཚོ་དམག་དང་ཀྲུང་གོ་དང་། ཨ་རི། ཧན་གོ ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ་ཀྱི་དམག་གྲུ་ཞུགས་རྒྱུ་ཡིན་པ་དང་རྒྱལ་ཁབ་20ལྷག་ཙམ་གྱི་མཚོ་དམག་གི་སི་ལིང་ངམ་ཡང་ན་འཐུས་མི་ཞུགས་རྒྱུ་ཡིན་པ་རེད།

    ཚེས་19ཉིན་གཟིགས་ཞིབ་བྱེད་སྒོ་དངོས་སུ་སྤེལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།