ཅི་ཞིག་ལ་སིབ་བིའི་ནད་ཟེར ། སིབ་བིའི་ནད་ནི་ནད་དུག་གིས་བསླངས་བའི་མྱུར་བའི་རང་བཞིན་གྱི་དབུགས་ལམ་གྱི་འགོས་ནད་ཅིག་ཡིན། ནད་དེ་གཙོ་བོ་ཟླ་དྲུག་ནས་ལོ་ལྔ་བར་གྱི་སིབ་བིའི་ནད་འགོག་ཁབ་མ་བརྒྱབ་པའི་བྱིས་པར་ཕོག་གི་ཡོད་ལ། ཉེ་བའི་ལོ་འགའི་ནང་ལོ་ཅུང་ཆེ་བའི་བྱིས་པར་ཕོག་པའི་ཕྱོགས་སུ་འཕེལ་བཞིན་ཡོད། གལ་ཏེ་ཚ་བ་རྒྱས་པ་དང་དབུགས་ལམ་སྟོད་མའི་གཉན་ཚད། མིག་འབྲས་སྐྱི་མོའི་གཉན་ཚད། དེ་མིན་ལུས་ཡོངས་སུ་འབྲུམ་ཐོར་བྱུང་བ་སོགས་ཀྱི་ནད་རྟགས་ཐོན་ཚེ་ངེས་པར་སྨན་ཁང་བསྟེན་དགོས།
སིབ་བིའི་ནད་ཇི་ལྟར་བྱས་ནས་འགོས་པ་རེད་དམ། སིབ་བིའི་ནད་དུག་དེ་ནད་པའི་སྣ་དང་མིད་པའི་ཟགས་ཐོན་གྱི་ནང་གནས་ཡོད་པས་འགོ་བའི་རང་བཞིན་ཚབས་ཆེན་པོ་ཡོད། སིབ་བིའི་ནད་དུག་ཡོད་པའི་ཟགས་ཐོན་དངོས་རྫས་དེ་ནད་པས་དབུགས་འབྱིན་རྔུབ་དང་། ཧབ་སྦྲིད་རྒྱག་པ་སོགས་ཀྱི་སྐབས་སུ་མཁའ་དབུགས་ནང་གཏོར་ནས་སིབ་བིའི་ནད་དུག་ཁྱབ་ཀྱི་ཡོད། དེར་བརྟེན་རྣམ་ཀུན་ནད་པ་དང་ཐད་ཀར་འབྲེལ་འདྲེས་བྱས་ཚེ་མཁའ་དབུགས་བརྒྱུད་ནས་མཆིལ་མ་རྣམས་དབུགས་ལམ་དུ་ཞུགས་ནས་འགོས་ཀྱི་ཡོད། ལྷག་དོན་དུ་འབྲུམ་ཐོར་ཐོན་རྗེས་ཀྱི་ཉིན་ལྔའི་ནང་ནད་དེ་འགོ་སླ་བའི་དུས་ཡིན་པས་སྐབས་དེར་སིབ་བིའི་ནད་ཕོག་མ་མྱོང་བའི་མི་རྣམས་ལ་འགོས་སླ་པོ་ཡོད། དེར་བརྟེན་སྔ་ས་ནས་སིབ་བིའི་ནད་འགོག་ཁབ་བརྒྱབ་རྒྱུ་གལ་ཤིན་ཏུ་ཆེ།