དབུ་ཤོག>གསར་འགྱུར།
  • རྒྱུན་མཐུད་ཆོག་པའི་ནཌ་ཁྲོད་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཝང་ཡ་ཧུའེ་ཡིས།   |     སྤེལ་དུས།  2015-09-16

    མིག་སྔར་ནགས་ཁྲོད་ཤ་མོའི་ཐོན་ཁུངས་གཅིག་རྗེས་གཉིས་མཐུད་ངང་ཁྲོམ་རར་བཏོན་པ་དང་ཞིང་འབྲོག་མང་ཚོགས་དང་ཚོང་པས་ཀྱང་ཕུན་སུམ་ཚོགས་པའི་ནགས་ཁྲོད་ཤ་མོའི་ཐོན་ཁུངས་ལ་བརྟེན་ནས་ཁེ་བཟང་རག་ཐབས་བྱེད་ཀྱི་ཡོད་ཅིང་། ནགས་ཁྲོད་ཤ་མོས་རང་ལྗོངས་ཀྱི་མང་ཚོགས་ལ་དཔལ་འབྱོར་ཕན་འབྲས་ཆེན་པོ་བྱུང་བ་དང་དུས་མཚུངས་ནགས་ཁྲོད་ཐོན་ཁུངས་འཐུ་དྲགས་རྒྱུ་མེད་པ་རིག་པ་དྭངས་གསལ་གྱིས་ཤེས་པ་བྱེད་དགོས།

    ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་ལས་རང་ལྗོངས་ལ་ནགས་ཁྲོད་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཉིང་ཁྲི་གྲོང་ཁྱེར་ལ་མཚོན་ན། ཤ་མོའི་རིགས་240ལྷག་ཙམ་དང་། སྨན་སྤྱོད་རྩི་ཤིང་རིགས་500ཙམ་ཡོད་ཅིང་། གཙོ་བོ་བེ་ཤ་དང་རླམ་རྩྭ་ཕོ་སུལ་སོགས་དང་། གཞན་ད་དུང་སྨྱུག་རྩ་དང་སྔོ་ཚོད་སོགས་ཀྱང་ཡོད། རི་ཁའི་ལྟོ་རྟེན་རི་ཡིན། མཚོ་ཁའི་ལྟོ་རྟེན་མཚོ་ཡིན་ཟེར་བ་ལྟར་ནགས་ཁྲོད་ཐོན་ཁུངས་འཐུ་རྒྱུ་དེ་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་དངུལ་སྨར་ཡོང་ཁུངས་ཀྱི་གྲས་ཤིག་རེད།

    རྒྱུན་མཐུད་འཕེལ་རྒྱས་གཏོང་རྒྱུ་ནི་དེང་སྐབས་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཡིན། ནགས་ཚལ་ནི་ནུས་པ་མང་བའི་བསྐྱར་སྐྱེས་ཐུབ་པའི་ཐོན་ཁུངས་ཤིག་ཡིན་ལ། གཏོར་སྐྱོན་ཕོག་སླ་བའི་སྣོད་བཅུད་ཐོན་ཁུངས་ཀྱི་རིགས་ཤིག་ཀྱང་ཡིན་པས། ལུགས་མཐུན་ངང་བེད་སྤྱོད་བྱ་རྒྱུ་གལ་འགངས་ཆེ། ལག་ལེན་དངོས་ཀྱི་ཉམས་མྱོང་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་གཏོང་བར། དང་ཐོག་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་མང་ཚོགས་ཀྱི་སྲུང་སྐྱོབ་འདུ་ཤེས་ཟབ་ཏུ་གཏོང་དགོས། ཚགས་པར་དང་། རྒྱང་བསྒྲགས་དང་བརྙན་འཕྲིན། ངོ་ཐུག་གདོང་འཕྲད་སོགས་རྣམ་པ་སྣ་ཚོགས་སྤྱད་དེ་ས་གནས་དེ་གའི་མང་ཚོགས་ལ་ནགས་ཁྲོད་ཐོན་ཁུངས་སྣ་ཚོགས་སྲུང་སྐྱོང་བྱེད་པ་དང་ནགས་ཁྲོད་ཐོན་ཁུངས་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་ལས། “རྩ་མེད་བཟོ་བའི”རྣམ་པའི་ཐོག་ནས་ཐོན་ཁུངས་སྔོག་འཐུ་གཏན་ནས་བྱ་རྒྱུ་མེད།

    རྒྱུན་མཐུད་འཕེལ་རྒྱས་ཀྱི་ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཐོན་ཁུངས་དང་ཁྲོམ་རའི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། ནགས་ཁྲོད་ཐོན་ཁུངས་འཐུ་བ་དང་འཁོར་རྒྱུག་གི་བརྒྱུད་རིམ་ནང་འཐུ་བ་དང་། ཉོ་སྒྲུབ། སྐྱེལ་འདྲེན། མཛོད་འཇུག ལས་སྣོན། ཕྱིར་གཏོང་སོགས་ཀྱི་ལྷུ་ཚིགས་ལ་དོ་དམ་ནན་པོ་བྱས་ཏེ་འགན་འཁྲི་ལག་བསྟར་ནན་པོ་དང་། ལམ་ལུགས་ཀྱི་འགན་ལེན་མཐའ་འཁྱོངས། བྱ་ཐབས་སྣ་ཚོགས་སྤྱོད་པ་བཅས་བྱས་ནས་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་ཐོག་ཁྲིམས་སྲུང་གིས་སྒྲིག་འགལ་གཉེར་སྐྱོང་གི་སྣང་ཚུལ་སྣ་ཚོགས་གཏན་འགོག་བྱེད་དགོས།

    རྒྱུན་མཐུད་འཕེལ་རྒྱས་ཀྱི་ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་གཏོང་སྐབས་ད་དུང་ཐོན་ལས་ཀྱི་སྦྲེལ་ཐག་རིང་དུ་བཏང་ནས“སྣེ་འདྲེན་ཁེ་ལས་དང་། ཆེད་ལས་མཉམ་ལས་རྩ་འཛུགས། རྟེན་གཞི། ཞིང་དུད་བཅས་མཉམ་ལས”ཀྱི་འཁོར་རྒྱུག་རྣམ་པ་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་སྤུས་རྟགས་ཐོན་རྫས་འཕེལ་རྒྱས་གཏོང་བ། ཐོན་རྫས་བྲིན་ཚོང་དང་སྤུས་རྟགས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁྱད་ཆོས་ལྡན་པའི་ནགས་ཁྲོད་དཔལ་འབྱོར་གྱི་དཔེ་སྟོན་རྟེན་གཞི་ཞིག་ཆགས་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།