དབུ་ཤོག>གསར་འགྱུར།
  • ནགས་ཁྲོད་ཐོན་ཁུངས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-16

    ཉེ་ཆར། གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་ཚན་རྩལ་ཅུས་ནས་ཤེས་རྟོགས་བྱས་པར། ལོ་མང་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཚན་རྩལ་རྣམ་གྲངས་ལག་ལེན་བསྟར་རྒྱུ་དེ་འགོ་འཛུགས་སར་བརྩིས་ནས་ཞིང་ལས་ཀྱི་སྔོན་ཐོན་ཉེར་སྤྱོད་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་བ་དང་། ཞིང་ལས་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་བཏང་བ། ཉིང་ཁྲི་གྲོང་ཁྱེར་གྱི་ནགས་ཁྲོད་དཔལ་འབྱོར་དང་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 2014ལོར་ཉིང་ཁྲི་གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་ཚན་རྩལ་རྣམ་གྲངས་ལག་བསྟར་བྱ་རྒྱུ་དེ་འགོ་འཛུགས་སར་བརྩིས་ནས་ཞིང་ལས་ཀྱི་སྔོན་ཐོན་ཉེར་སྤྱོད་ལག་རྩལ་ཁྱབ་གདལ་ཤུགས་ཆེན་དང་། ཞིང་ལས་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད། ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་དང་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཅས་བཏང་སྟེ་སྡོང་ཕུང་དང་། ཀོ་ཤ མོག་རོ་སོགས་ཁྱད་ལྡན་འདེབས་འཛུགས་དང་། བོད་བྱ་དང་བོད་ཕག་ཁྱད་ལྡན་གསོ་ཚགས། ལྷད་མེད་ཤིང་འབྲས་ཐོན་ལས་ཁུལ་འཛུགས་སྐྲུན། ཞིང་ཞོར་ཐོན་རྫས་ལས་སྣོན་བཟོ་ལས་བཅས་ལ་སྔོན་ཐོན་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་ཧུར་ཐག་བྱས་ཤིང་། ན་ནིང་གྲོང་ཁྱེར་དེས་རི་སྐྱེས་ཤ་མོ་དང་སྨན་སྤྱོད་ཤ་མོའི་རིགས་875བཏུས་པ་དང་། ཀོ་ཤའི་ཐོན་སྐྱེད་རིགས་2དབྱེ་གསེས་དང་འདུལ་གསོ་བྱས་པ། མོག་རོ་ནག་པོའི་ཐོན་སྐྱེད་ཤ་མོ་རིགས3ནང་འདྲེན་བྱས་པ། ཀོ་ཤ་འགྱིག་ཁུག་ཁྲི་68དང་། མོག་རོ་ནག་པོ་འགྱིག་ཁུག་ཁྲི་15འདེབས་འཛུགས་ལ་སྣེ་ཁྲིད་བྱས་པ་བཅས་ལས་ཐོན་ལས་རིན་ཐང་སྒོར་ཁྲི་500ཡན་ཟིན་ཡོད་པ་རེད། མང་ཚོགས་སྣེ་ཁྲིད་ཀྱིས་སྡོང་ཕུང་མུའུ་500འདེགས་འཛུགས་བྱས་པར་མུའུ་རེ་ནས་ཆ་སྙོམས་སྡོང་ཕུང་སྤྱི་རྒྱ་750ཟིན་པ་དེས་ཐོན་རྫས་རིན་ཐང་སྒོར་ཁྲི་3500ཡན་ཟིན་པ་དང་། མཱ་ཁཱ་མུའུ་1126འདེབས་འཛུགས་བྱས་པར་ཆ་སྙོམས་མུའུ་རེ་ནས་མཱ་ཁཱ་སྐམ་པོ་སྤྱི་རྒྱ་75ཡན་ཐོན་ནས་སྤྱི་རྒྱ་རེར་སྡེབ་ཚོང་རིན་གོང་སྒོར་400བྱས་པས་ཐོན་རྫས་རིན་ཐང་སྒོར་ཁྲི་3600ཡན་ཟིན་པ། ལྕ་གཡུང་དང་ཤུ་དག་སོགས་བོད་སྨན་སྨན་རྒྱུ་གཞན་དག་མུའུ་1074སྣེ་ཁྲིད་འདེབས་འཛུགས་བྱས་པས་ཐོན་རྫས་རིན་ཐང་སྒོར་ཁྲི་500ཡན་ཟིན་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་གྱིས་ཚན་རྩལ་གྱི་ཁྲིད་སྟོན་དང་འདེགས་སྐྱོར་འོག ཁྱད་ལྡན་ཐོན་ལས་དང་། བོད་ལུགས་གསོ་རིག་དངབོད་སྨན་གྱི་སྣེ་འདྲེན་ཁེ་ལས། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཁག་གཅིག་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཞིང་། ད་ཆ་ཆེད་བྲིན་བོད་སྨན་དང་། ཧོ་ཐེང་སྨན་ལས། པའེ་ཧྲེང་སྨན་ལས་བཅས་ཁེ་ལས་3མཐོ་གསར་ལག་རྩལ་གྱི་ཁེ་ལས་ལ་བདམས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།