དབུ་ཤོག>གསར་འགྱུར།
  • སྨན་བཅོས་རིགས་གཅིག་མཁས་ཅན་བོད་དུ་ཞབས་འདེགས་ཞུ་བར་བསྐྱོད་པ།

  • ཡོང་ཁུངས།  ​ མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-09-16

    ཉེ་ཆར། ཧྲན་ཏུང་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་རིགས་གཅིག་མཁས་ཅན་3བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བཀྲ་ཤིས་ལྷུན་པོ་དགོན་པའི་སྨན་ཁང་དུ་ནད་བརྟག་སྨན་བཅོས་བྱེད་པར་བསྐྱོད་པས། དེ་གར་སྨན་པ་བསྟེན་མཁན་དང་བདེ་ཐང་བློ་འདྲི་བྱེད་པར་ཡོང་མཁན་དགེ་འདུན་པ་དང་མང་ཚོགས་རྒྱུན་ཆད་མེད། རིགས་གཅིག་མཁས་ཅན་གསུམ་ད་དུང་གཞིས་རྩེའི་དིང་རི་རྫོང་དང་། ས་སྐྱ་རྫོང་སོགས་སུ་ནད་བརྟག་སྨན་བཅོས་བྱེད་པར་བསྐྱོད་དེ་ས་གནས་དེ་གའི་མི་སེར་ལ་སྨན་བཅོས་དང་འཕྲོད་བསྟེན་བདེ་ཐང་བློ་འདྲིའི་ཞབས་འདེགས་ཞུ་རྒྱུ་རེད།

    209607_yis_1442292235286.jpg

    ཟླ་9ཚེས་14ཉིན་བཀྲ་ཤིས་ལྷུན་པོའི་སྨན་ཁང་དུ་དགེ་འདུན་པ་ཞིག་གིས་ལོ་82ལ་སོན་པའི་སྐྱེད་མ་ཁྲིད་དེ་སྨན་པ་ཁྲེན་ཤན་ཧའེ(གཡོན)ལ་ནད་དཔྱད་གནང་རོགས་ཞུ་བའི་གནས་ཚུལ་ཡིན་པ།

    209606_yis_1442292235115.jpg

    ཟླ་9ཚེས་14ཉིན་ཧྲན་ཏུང་ཞིང་ཆེན་ཀྲུང་ལུགས་གསོ་རིག་སློབ་གླིང་གི་སྨན་པ་སུན་ཕུང་ལུའེ(གཡོན)ཡིས་བཀྲ་ཤིས་ལྷུན་པོ་དགོན་པའི་སྨན་ཁང་དུ་དགེ་འདུན་པ་ཞིག་ལ་བཟའ་བཏུང་འཕྲོད་བསྟེན་དང་ནད་འགོག་ཤེས་བྱ་འགྲེལ་བཤད་རྒྱག་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།