དབུ་ཤོག>གསར་འགྱུར།
  • ཁྲེན་ལེ་ཡིས་ཆུ་བེད་པུའི་རྟོག་ཞིབ་ཚོགས་པའི་སྣེ་ཁྲིད་དེ་ལྷ་སར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-16

    ཚེས་12ཉིན་གྱི་སྔ་དྲོ་ཆུ་བེད་པུའི་ཏང་ཙུའི་ཧྲུའུ་ཅི་དང་། པུའུ་ཀྲང་། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་བཅས་ཡིན་པའི་ཁྲེན་ལེ་ཡིས་ཆུ་བེད་པུའི་རྟོག་ཞིབ་ཚོགས་པའི་སྣེ་ཁྲིད་དེ་ལྷ་ས་གྲོང་ཁྱེར་ལ་འབྲུབ་འགོག་ལས་གྲྭ་བསྐྲུན་ཚུལ་ལ་བརྟག་ཞིབ་གནང་ཞིང་། རྟོག་ཞིབ་ཚོགས་ཆུང་དང་བཅས་པས་ས་གནས་ས་ཐོག་ཏུ་ཕེབས་ཏེ་ལྷ་ས་སྐྱིད་ཆུའི་འགྲམ་གྱི་སྣེའུ་ཡི་འབྲུབ་འགོག་ལས་གྲྭ་དང་ཚེ་མཆོག་གླིང་གི་འབྲུབ་འགོག་ལས་གྲྭར་གཟིགས་པ་དང་འབྲེལ་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་གྱི་འབྲུབ་འགོག་རྗེས་མཐུད་དང་ལེ་ལག་ཚང་བའི་ལས་གྲྭའི་གནས་ཚུལ་གསན་པ་རེད།

    ཆུ་བེད་པུའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་པུའུ་ཀྲང་གཞོན་པ་ཅའོ་ཡུང་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་རྟོག་ཞིབ་ནང་ལྷན་དུ་ཕེབས་ཡོད།

    ཁྲེན་ལེ་ཡིས་ལྷ་ས་གྲོང་ཁྱེར་གྱི་ཆུ་བེད་ལས་དོན་ཐད་ལས་གྲྭ་གཙོ་བོ་བསྐྲུན་རྒྱུར་དམིགས་བཀར་དུ་དམ་འཛིན་བྱས་ཏེ་གྲོང་ཁུལ་གྱི་འབྲུབ་འགོག་རྗེས་མཐུད་ལས་གྲྭ་སོགས་རྣམ་གྲངས་གཙོ་བོ་སྐྲུན་ཤུགས་ཆེ་རུ་དང་ཆུ་བེད་ཐད་མ་འཇོག་འཆར་གཞི་ལག་ལེན་བསྟར་ཚད་མགྱོགས་སུ་གཏོང་དགོས་པ་དང་།དམངས་འཚོའི་ཆུ་བེད་ལས་གྲྭ་བསྐྲུན་རྒྱུར་གཙོ་གནད་ཐོག་དམ་འཛིན་བྱས་ཏེ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལེགས་སུ་གཏོང་བའི་ལས་དོན་ལ་དམ་འཛིན་བྱས་ཐོག་མཐུན་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་ལ་དྲ་སྦྲེལ་ཐོག་ནས་འཐུང་ཆུའི་ཆུ་རྩ་མཁོ་སྤྲོད་བྱེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་རྩའི་ལས་གྲྭ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འབྲུབ་འགོག་གི་ཞན་ཆ་གསབ་འཛུགས་བྱ་རྒྱུར་གཅིག་གྱུར་སྐུལ་མ་གཏོང་བའི་ཐོག་ནས་ཆུ་བེད་ཀྱི་རྨང་གཞིའི་སྤྱི་པའི་ཞབས་ཞུ་དོ་མཉམ་ཐུབ་ནུས་ཆེ་རུ་ཧུར་ཐག་གཏོང་དགོས། ཞིང་འབྲོག་ཁུལ་གྱི་ཆུ་བེད་འཛུགས་སྐྲུན་བྱ་བར་དམིགས་བཀར་དུ་དམ་འཛིན་བྱས་ཏེ་ཆུ་འདྲེན་ཁུལ་ཆེ་འབྲིང་རྗེས་མཐུད་ཆ་ལག་ཚང་བ་དང་ཆུ་གྲོན་ཆུང་དང་སྒྱུར་བཀོད་བྱ་རྒྱུ་མུ་མཐུད་ལག་ལེན་བསྟར་ཏེ་ནུས་ཆེའི་ཆུ་འདྲེན་གྲོན་ཆུང་ཆེས་ཆེར་ཡོང་བ་དང་མི་ཐབས་གཟན་རྩྭ་འདེབས་པའི་རྟེན་གཞི་སྐྲུན་མགྱོགས་སུ་གཏོང་བའི་ཐོག་ནས་རྒྱ་ཆེའི་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་མི་ཆད་པར་ལེགས་སུ་གཏོང་དགོས། ཆུའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་དམིགས་བཀར་དུ་དམ་འཛིན་བྱས་ཏེ་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་ནན་པོ་བྱེད་པའི་ཁར། ཆུ་ལེན་ཆོག་པ་དང་འཐུང་ཆུ་སྤྱོད་ཆོག་ཐད་རིགས་པས་ཁུངས་སྐྱེལ་གྱིས་ས་འོག་ཆུ་དོ་དམ་ཚོད་འཛིན་དང་། ས་ཆུ་ཤོར་ཚད་འགོག་བཅོས། ས་མཐོའི་ཆུ་བོ་དང་མཚོ་སྲུང་སྐྱོང་བཅས་བྱ་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྣོད་བཅུད་ཤེས་དཔལ་ལྡན་པའི་གྲོང་ཁྱེར་གཏོད་པའི་ལས་དོན་ལ་སྐུལ་མ་ཧུར་ཐག་གཏོང་དགོས། ཆུ་བེད་འཛུགས་སྐྲུན་ལ་དོ་དམ་བྱ་རྒྱུར་དམིགས་བཀར་དུ་དམ་འཛིན་བྱས་ཏེ་ཆུ་བེད་ལས་རིགས་ཀྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆུ་བེད་ལས་གྲྭ་ཚན་རིག་དང་ལུགས་མཐུན་ཡོང་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་ཆུ་བེད་འཛུགས་སྐྲུན་གྱི་གཞི་རྩའི་ལས་རིམ་ནན་པོར་སྐྱོང་བ་དང་། ཆུ་བེད་འཛུགས་སྐྲུན་ཁྲོམ་རར་ལྟ་སྐུལ་བྱ་ཤུགས་ཆེ་རུ་བཏང་སྟེ་ཆུ་བེད་ཐད་སྤུས་ཚད་ལྡན་པ་དང་ཐོན་སྐྱེད་བདེ་འཇགས་ཡོང་བའི་འགན་འཁྲི་དོན་འཁྱོལ་ཐོག་ནས་ཆུ་བེད་ཐད་སྤྱོད་གཙང་དང་ཉེན་ཁ་འགོག་ཤུགས་ཆེ་རུ་གཏོང་དགོས། ཆུ་བེད་སྒྱུར་བཅོས་གསར་གཏོད་བྱ་བར་དམིགས་བཀར་དུ་དམ་འཛིན་བྱས་ཏེ་སྤྱི་པའི་ནོར་སྲིད་ཀྱི་ཆུ་བེད་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ནས་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་དོན་གཞི་གཅིག་ཏུ་འགྱུར་རྒྱུར་སྐུལ་མ་གཏོང་བ། ཆུ་བེད་ལས་གྲྭའི་ཐོན་དབང་ལམ་ལུགས་དང་། དོ་དམ་སྒྲིག་གཞི། འཁོར་སྐྱོད་ལམ་སྲོལ་བཅས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཁྲིམས་བཞིན་ཆུ་བཅོས་པ་དང་དོ་དམ་བྱ་རྒྱུར་སྐུལ་མ་ཤུགས་ཆེན་གཏོང་བའི་སྒོ་ནས་ཆུ་བེད་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་ཡོང་བར་ཕན་པའི་ལམ་ལུགས་མ་ལག་འཛུགས་མགྱོགས་སུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།