དབུ་ཤོག>གསར་འགྱུར།
  • ལོ་ངོ་50རིང་གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ལྟ་བུའི་འཕོ་འགྱུར་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-15

    རྒྱལ་ཁབ་གཅིག་དང་། མི་རིགས་ཤིག  ཁྱིམ་ཚང་ཞིག་གམ་ཡང་ན་མི་སྒེར་གང་ཞིག་ཡིན་རུང་འཕེལ་རྒྱས་དང་ཕུགས་བསམ་མངོན་འགྱུར་བྱེད་པའི་ཁྲོད་ལམ་བུ་ཡང་དག་ཞིག་གདམ་ཐུབ་ཚེ་མི་རྣམས་ལུས་བདེ་སེམས་སྐྱིད་དང་། ཁྱིམ་ཚང་འཆམ་མཐུན། མི་རིགས་ཡར་རྒྱས། རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་བཅས་ཡོང་བ་མ་ཟད་དེ་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་མཐུན་པའི་དགོས་ངེས་ཀྱི་ལམ་བུ་ཞིག་རེད།

    བོད་རྙིང་པར་མི་རྣམས་རྟ་ཟོག་དུད་འགྲོ་ལྟ་བུའི་འཚོ་བ་སྐྱེལ་དགོས་ཀྱི་ཡོད་པ་དང་། ཉིན་མཚན་མེད་པར་ཞིང་བྲན་བདག་པོའི་བྲན་གཡོག་རྒྱུགས་དགོས་པ་མ་ཟད་ཉིན་ལྟར་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོ་བ། མི་ལུས་རང་དབང་མེད་པ། དེ་བས་འཚོ་བ་དང་སྨན་བཅོས་ལ་འགན་ལེན་གང་ཡང་མེད། དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད་ཞིང་བྲན་ཁྲི་ཚོ་བརྒྱ་ཕྲག་ཡར་ལངས་ཐོབ་ནས་རྒྱལ་ཁབ་ཀྱི་བདག་པོར་གྱུར་ཏེ་ཞིང་བྲན་སྐབས་ཀྱི་སྡུག་རྩུབ་ལས་ཡོངས་སུ་བྲལ་ནས་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་ཕྱིན་ཞིང་མི་རིགས་དར་རྒྱས་དང་ཡར་ཐོན་མངོན་འགྱུར་བྱུང་ཡོད།     1965ལོའི་ཟླ་9པར་བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་པ་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པ་དང་།  བོད་ཀྱི་མི་དམངས་རྣམས་མེས་རྒྱལ་གྱི་སྤུན་ཟླའི་མི་རིགས་ཁག་དང་འདྲ་བར་མི་རིགས་འདྲ་མཉམ་གྱི་ཁེ་དབང་མཐའ་དག་ལོངས་སུ་སྤྱོད་རྒྱུ་བྱུང་ནས་རང་དབང་དང་བདེ་སྐྱིད་ལྡན་པའི་ལམ་བུ་ཞིག་ཏུ་བསྐྱོད་ཐུབ་པ་བྱུང་ཡོད།

    འདས་ཟིན་པའི་ལོ་ངོ50ནི་བོད་ལྗོངས་འདི་ཉིད་ཆར་རླུང་ཁྲོད་ལས་གོམ་གང་མདུན་སྤོས་བྱེད་པའི་ལོ་ངོ་50ཡིན་པ་དང་། དེ་ནི་ཧུར་བརྩོན་རྒྱལ་སྐྱོང་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བའི་ལོ་ངོ་50རེད།  ཏང་དང་སྲིད་གཞུང་གི་ཡང་དག་འགོ་ཁྲིད་འོག་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཤུགས་ཆེའི་རོགས་སྐྱོར། མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་འབད་བརྩོན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྣེ་ཁྲིད་འོག་རིམ་བཞིན་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱུང་ཞིང་། བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས།  སྣོད་བཅུད་ལེགས་སུ་ཕྱིན་པ་བཅས་ཕྱོགས་གང་སྤྱིའི་ཐད་གྲུབ་འབྲས་གཟེངས་སུ་ཐོན་ནས་ངོ་མཚར་ཆེ་བའི་གང་ལྗོངས་ས་མཐོར་མི་ཡུལ་གྱི་ངོ་མཚར་བྱས་རྗེས་བླ་ན་མེད་པ་གཏོད་ཡོད་པ་རེད།

    དེང་གི་བོད་ལྗོངས་ནི་རྣམ་པ་གསར་པ་ཞིག་གི་ཐོག་ནས་གངས་ལྗོངས་ས་མཐོར་འགྱིང་ངེར་གནས་པ་དང་། བྱ་གཞག་ཁག་མྱུར་འཕེལ་བྱུང་ནས་སྤྱི་ཚོགས་རྙིང་པར་སྡུག་བསྔལ་ཚད་མེད་མྱང་མྱོང་བའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ད་ཆ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་བ་རེད། ཀྲུང་གོ་གུང་ཁྲན་ཏང་མེད་ན་ལོ་ངོ་50རིང་གི་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་ཆེན་པོ་དེ་མེད་ལ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཡང་མེད།  ལོ་ངོ་50རིང་གི་ལག་ལེན་ལས་ར་སྤྲོད་གསལ་པོ་བྱས་པར། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་རང་རྒྱལ་གྱི་དོན་དངོས་དང་ཡོངས་སུ་མཐུན་པ་མ་ཟད་བོད་ཀྱི་དོན་དངོས་དང་ཡོངས་སུ་མཐུན་ཞིང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་ནས་མི་རིགས་ཁག་གི་མི་དམངས་ཀྱི་འདོད་བློ་སྐོང་བས་དེ་ནི་བོད་ལྗོངས་འདི་ཉིད་ཤེས་དཔལ་དང་ཡར་རྒྱས་ཡོང་བའི་འགན་ལེན་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།