དབུ་ཤོག
  • ཞོགས་པ་ཆུ་ཁོལ་དཀར་ཡོལ་གང་བཏུང་བའི་ཕན་ནུས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-15

    ཞོགས་ཇ་མ་བཏུང་གོང་ཆུ་ཁོལ་དྲོད་འཇམ་དཀར་ཡོལ་གང་བཏུང་ན་བདེ་ཐང་ལ་ཕན་པ་ཤིན་ཏུ་ཆེ། དེ་ཡང་མཚན་གང་གཉིད་ཉལ་བས་ཕོ་བ་དང་རྒྱུ་མའི་ནང་དུ་བསགས་པའི་ཟས་འཇུ་འོས་པ་རྣམས་བཞུས་ཟིན་པ་དང་། ལེན་འོས་པ་རྣམས་བསྡུ་ལེན་བྱས་ཟིན། ལེན་མི་ཐུབ་པའི་དངོས་པོ་རྣམས་ཕལ་ཆེར་ཚང་མ་རྒྱུ་དཀར་ནང་དུ་ཡོད་པ་དང་། སྐབས་དེར་ཕོ་བ་དང་རྒྱུ་ནག་ནི་སྟོང་རྐྱང་ཡིན་པས། ཆུ་བཏུངས་རྗེས་ཕོ་རྒྱུ་ལ་ཆུ་བཤལ་ཐེངས་གཅིག་བྱས་པར་བརྟེན། ཉིན་དེར་བཟས་པའི་ཟས་རིགས་འཇུ་ལེགས་པ་དང་། བསྡུ་ལེན་བྱེད་པར་རོགས་འདེགས་ཆེན་པོ་བྱེད་ཐུབ་པའི་རྐྱེན་གྱིས་རེད།

    ཞོགས་པར་ཁ་བཀྲུས་རྗེས་ཆུ་ཁོལ་བཏུང་ན་ད་དུང་ཁྲག་ཤེད་ཆག་པར་ཕན་ལ། ཀླད་ཁྲག་ཐོན་པ་དང་སྙིང་ཁྲག་འགག་པའི་ནད་གཞི་སྔོན་འགོག་བྱ་ཐུབ་ཅིང་། ཁྲག་གི་གར་ཚད་སླ་པོར་གྱུར་ནས་འཕར་རྩའི་ལྡེབས་ངོས་ཇེ་ཆེར་འགྱུར་ཐུབ་པ་དང་། ཁྲག་རྒྱུན་འཁོར་རྒྱུག་རྒྱུན་གཏན་དུ་འགྱུར་ཐུབ། དེ་བས་འདི་ནི་ཁྲག་ཤེད་མཐོ་པོ་དང་། ཀླད་ཁྲག་ཤོར་བ། སྙིང་གཟེར་རྒྱག་པ་སོགས་ཀྱི་ནད་འབྱུང་བ་སྔོན་འགོག་བྱ་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།