དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-15

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(ཟླ་9ཚེས་14ཉིན་ནས་ཚེས་19ཉིན་བར)

    གཟའ་ཟླ་བ་ནས་ཕུར་བུ་བར་ནག་ཆུའི་དབུས་ཤར་རྒྱུད་དང་། ཆབ་མདོའི་བྱང་རྒྱུད། ཉིང་ཁྲི་དང་གཞིས་རྩེའི་ལྷོ་རྒྱུད་བཅས་སུ་ཆར་པ(གངས)ཆུང་བ་ནས་འབྲིང་བ་བར་འབབ་རྒྱུ་དང་། ལྷ་ས་དང་ལྷོ་ཁར་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཁུལ་གཞན་དག་ཏུ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་སིམ་སིམ་འབབ་རྒྱུ གཟའ་པ་སངས་ནས་ཉི་མ་བར། མངའ་རིས་ལྷོ་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བ་བར་འབབ་རྒྱུ་དང་། ཉིང་ཁྲི་དང་། ནག་ཆུའི་ཤར་རྒྱུད། ཆབ་མདོ་བཅས་སུ་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ཏུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁ་ཤས་སུ་ཆར་པ་སིམ་སིམ་འབབ་རྒྱུ།

    གཉིས། གྲོས་འགོ

    1.གཟའ་འཁོར་གོང་མར་དབུས་ཤར་ས་ཁུལ་དུ་ཆར་ཆུ་བསྟུད་མར་བབས་པ་དང་གཟའ་འཁོར་འདིའི་ནང་ཤར་རྒྱུད་དུ་སྔར་བཞིན་ཆར་ཆུ་འབབ་རྒྱུ་ཡིན་པས་འབྲེལ་ཡོད་སྡེ་ཚན་གྱིས་ས་གཤིས་ཀྱི་མངོན་མེད་གནོད་འཚེའི་རྐྱེན་ངན་ཁུལ་དང་ཆུ་རྒྱུན་འབྲིང་ཆུང་འབབ་རྒྱུད་དང་ཆུ་མཛོད་ལ་སྐོར་ཞིབ་ལྟ་ཞིབ་ཚད་འཇལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་དང་ཆུ་ལོག་ཐོན་པ་སོགས་ཀྱི་ས་གཤིས་གནོད་འཚེ་ཐོན་རྒྱུར་དོགས་ཟོན་བྱེད་དགོས།

    2.གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་ཤར་རྒྱུད་དུ་གནམ་འཐིབས་ནས་ཆར་པ་འབབ་མང་བ་དང་ས་བབ་མཐོ་བའི་ལམ་དུམ་བུར་འགྲོ་ལམ་ཐོག་གངས་གསོག་དང་འཁྱག་པ་ཐེབས་སླ་བས་འབྲེལ་ཡོད་ལམ་དུམ་བུར་འགྲོ་འོང་བྱེད་མཁན་ཁ་ལོ་བས་གཟབ་ནན་ངང་རླངས་འཁོར་བཏང་སྟེ་འགྲིམ་འགྲུལ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།