དབུ་ཤོག>གསར་འགྱུར།
  • བོད་ལྗོངས་དངོས་མང་སྟོན་ཚོཌ་ཚོང་འགུགས་མ་འདྲེན་དང་དཔལ་འབྱོར་ཚོང་དོན་གྲོས་མོལ་ཚོགས་ཆུང་གིས་མཐུན་སྦྱོར་སྐུལ་འདེད་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-14

    ཚེས་11ཉིན་གྱི་ཕྱི་དྲོ་བོད་ལྗོངས་དངོས་མང་སྟོན་ཚོགས་ཚོང་འགུགས་མ་འདྲེན་དང་དཔལ་འབྱོར་ཚོང་དོན་གྲོས་མོལ་ཚོགས་ཆུང་གི་མཐུན་སྦྱོར་སྐུལ་འདེད་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཅང་ཅེ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ང་ཕོད་འཇིགས་ཡོན་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་འདུའི་ཐོག་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་རྣམ་གྲངས་ཀྱི་སྙན་ཞུ་འབུལ་བ་དང་། རྣམ་གྲངས་གདམ་གསེས། སྐུ་མགྲོན་གདན་ཞུ་བཅས་དང་དེ་བཞིན་རྣམ་གྲངས་ལ་མིང་རྟགས་འགོད་པ་སོགས་འབྲེལ་ཡོད་དོན་ཚན་གྱི་གནས་ཚུལ་སྙན་སེང་ཞུས་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ཞིབ་ཕྲ་བཀོད་སྒྲིག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།