དབུ་ཤོག>གསར་འགྱུར།
  • བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དེ་ཉིད་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བའི་ཤུགས་ཆེའི་སྒུལ་ཤུགས་སུ་འགྱུར་བ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-09-12

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཡུས་ཀྲེང་ཧྲེང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཚོགས་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གལ་ཆེའི་གསུང་བཤད་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་དང་། དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་ལེགས་པར་བསྒྲུབ་རྒྱུའི་ཐད་གལ་ཆེའི་མཛུབ་སྟོན་གནང་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་ཤུགས་ཆེའི་སྒུལ་ཤུགས་མཁོ་འདོན་གནང་ཡོད། དེར་བརྟེན་ང་ཚོས་ངེས་པར་དུ་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ལག་བསྟར་དོན་འཁྱོལ་བྱས་ནས་བསམ་སྦྱོར་གཉིས་ཀ་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་གསུང་བཤད་ཀྱི་དགོངས་དོན་ལས་དོན་ཁག་ལེགས་པར་སྒྲུབ་པའི་བྱ་སྤྱོད་དངོས་ལ་འགྱུར་བ་བྱས་ཐོག་བོད་འདི་ཉིད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་དགོས།

    ཐུགས་ཁུར་ཟབ་མོ་ལས་མངགས་བཅོལ་ཟབ་མོ་དང་རེ་བ་ཆེན་པོ་གནང་ལུགས་མཚོན། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གལ་ཆེའི་གསུང་བཤད་ལས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ལུགས་མཚོན་གྱི་ཡོད། གསུང་བཤད་མཐོ་གཟིགས་འོག་བསྐྱངས་དང་། གཟིགས་རྒྱང་རིང་བ། ནང་དོན་ཕུན་སུམ་ཚོགས་པ། སེམས་བཟང་ཚིག་ནན་བཅས་ཡོད་པ་དང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བ་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བོད་ཀྱི་ལས་དོན་ཁག་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ནས་ཏང་གི་བོད་ཀྱི་ལས་དོན་གྱི་རྩ་ཆེའི་ཉམས་མྱོང་ཚད་མཐོའི་སྙིང་བསྡུས་བྱས་ཡོད་པ་དང་ཚན་རིག་དང་མཐུན་པའི་ངང་དུས་བབ་གསར་པའི་བོད་ཀྱི་ལས་དོན་གྱི་ཁ་ཕྱོགས་དང་ཐབས་ལམ་གསལ་སྟོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་དོན་འཁྱོལ་བྱེད་རྒྱུ་དེ་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་གལ་ཆེའི་ཆབ་སྲིད་ལས་འགན་ཞིག་ཏུ་བརྩིས་ནས་སེམས་ནུས་གཅིག་སྒྲིལ་དང་དུས་ཚོད་དམ་འཛིན་གྱིས་སློབ་སྦྱོང་སྒྲིག་འཛུགས་བྱས་ནས་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་བྱེད་དགོས།

    ཤུགས་ཆེའི་སྐུལ་ལྕག་ངར་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར་སྔ་བར་ཕྱི་གསུམ་དུ་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་བློ་ལ་བརྟན་པོར་ངེས་ནས་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དེ་ཉིད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་པའི་དད་སེམས་བརྟན་པོར་འགྱུར་བ་དང་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་པའི་ཤུགས་ཆེའི་སྒུལ་ཤུགས་སུ་འགྱུར་བ་བྱེད་དགོས།

    སློབ་སྦྱོང་གཏིང་ཟབ་དང་གོ་བ་ཡག་པོ་བླངས་ནས་ཚོགས་འདུའི་དགོངས་དོན་སྔ་བར་ཕྱི་གསུམ་དུ་ཁྱབ་པ་བྱས་ཚེ་གཞི་ནས་སྔར་ལས་ལེགས་པའི་ངང་མཛུབ་ཁྲིད་དང་ལག་བསྟར་བྱེད་ཐུབ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་ཟུང་འབྲེལ་དམ་ཟབ་ཐུབ་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དང་ལྷག་དོན་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”གལ་ཆེའི་འཐབ་ཇུས་ཀྱི་དགོངས་དོན་དང་ཟུང་འབྲེལ་དམ་ཟབ་ཐུབ་པ། ཏང་གི་བོད་སྐྱོང་ཇུས་ཆེན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་ཟུང་འབྲེལ་ཐུབ་པ། “བོད་ལྗོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང”བཅས་ཀྱི་གལ་ཆེའི་མཛུབ་སྟོན་དང་ཟུང་འབྲེལ་དམ་ཟབ་ཐུབ་པ། ཏང་གི་བོད་སྐྱོང་ཇུས་ཆེན་དང་ཟུང་འབྲེལ་དམ་ཟབ་ཐུབ་པ། “ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང”བཅས་ཀྱི་གལ་ཆེའི་རྩ་དོན་དང་ཟུང་འབྲེལ་དམ་ཟབ་ཐུབ་པ་བཅས་ཀྱི་ཐོག་ནས་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་། རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། དགོངས་དོན་གྱི་ངོ་བོ་དངོས་ཁོང་དུ་ངོ་མ་ཆུད་པ་བཅས་ཀྱིས་བོད་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་བསམ་པ་བཅས་ཆེ་རུ་བཏང་ཐོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

    ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གལ་ཆེའི་གསུང་བཤད་ཀྱིས་མི་རིགས་མཐུན་སྒྲིལ་དང་། ཁྲིམས་བཞིན་བོད་སྐྱོང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་ཀྱི་ཐད་གལ་ཆེའི་རྒྱས་བཤད་གནང་ཡོད་པས། ང་ཚོས་ངེས་པར་དུ་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གལ་ཆེའི་གསུང་བཤད་ཀྱི་བླང་བྱ་གཞིར་བཟུང་ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་སྤེལ་རེས་ཐུབ་རྒྱུར་སྐུལ་འདེད་གཏོང་བ། ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་མཐུན་སྒྲིལ་ཐུབ་པའི་སྟོབས་ཤུགས་མཐའ་དག་མཐུན་སྒྲིལ་བྱེད་པ་བཅས་བྱས་ནས་ཐུན་མོང་གི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་པ་དང་། ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་ཇུས་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཁྲིམས་བཞིན་སྲིད་འཛིན་པ། ཁྲིམས་བཞིན་དོ་དམ་བྱེད་པ། ཁྲིམས་བཞིན་ལས་དོན་སྒྲུབ་པ། ཁྲིམས་བཞིན་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། མེས་རྒྱལ་གོང་བུ་གཅིག་གྱུར་དང་བོད་ལྗོངས་བརྟན་ལྷིང་ཡོང་རྒྱུ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་དམངས་འཚོའི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་གོམ་སྟབས་མགྱོགས་སུ་ཏན་ཏིག་གཏོང་དགོས་པ། དམངས་འཚོ་འགན་ལེན་དང་ལེགས་སུ་ཤུགས་ཆེན་བཏང་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་ཡོང་འབབ་དེ་བས་མང་བ་རག་པ་དང་སློབ་གསོ་དང་། སྨན་བཅོས། སྡོད་ཁང་གི་ཆ་རྐྱེན། སྤྱི་ཚོགས་འགན་སྲུང་བཅས་དེ་བས་ལེགས་པ་ཡོང་བ་བྱས་ཏེ་རྒྱལ་ཡོངས་མི་དམངས་མཉམ་དུ་སྒྱུར་བཅོས་དང་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས། (པ་ཚེ་དང་རིག་རྡོར་གྱིས་སྒྱུར་ཞུས་བྱས)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།