དབུ་ཤོག
  • iPhone 6s ཟླ་9ཚེས་25ཉིན་ཀྲུང་གོར་དངོས་སུ་འཚོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-11

    44.jpg

    ཟླ་9ཚེས་10ཉིན་ཀུ་ཤུ་ཀུང་སིས་ཁྱབ་བསྒྲགས་བྱས་པར། iPhone 6s དང་། iPhone 6s Plusགཉིས་2015ལོའི་ཟླ་9ཚེས་12ཉིན་ནས་འགོ་བཙུགས་ཏེ་མངག་ཉོ་བྱེད་ཆོག་པ་དང་།  ཟླ་9ཚེས་25ཉིན་ཀྲུང་གོར་དངོས་སུ་འཚོང་རྒྱུ་ཡིན་པ་རེད།  དེ་གཉིས་ཀའི་ཚོས་གཞི་མི་འདྲ་བ་བཞི་ཡོད་པ་སྟེ།ཁག་སོ་སོར་ཐལ་མདོག་དང་།  དངུལ་མདོག  སེར་པོ། རྒྱ་སེ་མེ་ཏོག་འདྲ་བའི་སེར་པོ་བཅས་ཡིན་པ་དང་། ཚོས་གཞི་གསར་ཤོས་ནི་རྒྱ་སེ་འདྲ་བའི་སེར་པོ་དེ་ཡིན་པ་རེད།

    55.jpg

    རྒྱལ་ནང་དུ་འཚོང་བའི་རིན་གོང་ཐད།

    iPhone 6sཤོང་ཚད(16GB)ཡིན་པར་རིན་གོང་སྒོར་5288བྱས་ནས་འཚོང་རྒྱུ་དང་།  ཤོང་ཚད་64GBཡིན་པའི་པར་གཞིར་རིན་གོང་སྒོར་6088བྱས་ནས་འཚོང་རྒྱུ།   ཤོང་ཚད་128GBཡིན་པའི་པར་གཞིར་རིན་གོང་སྒོར་6888བྱས་ནས་འཚོང་རྒྱུ་བཅས་དང་།

    iPhone 6s Plusཤོང་ཚད(16GB)ཡིན་པར་རིན་གོང་སྒོར་6088བྱས་ནས་འཚོང་རྒྱུ་དང་། ཤོང་ཚད་64GBཡིན་པའི་པར་གཞིར་རིན་གོང་སྒོར་6888བྱས་ནས་འཚོང་རྒྱུ།  ཤོང་ཚད་128GB ཡིན་པའི་པར་གཞིར་རིན་གོང་སྒོར་7788བྱས་ནས་འཚོང་རྒྱུ་བཅས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།