དབུ་ཤོག>གསར་འགྱུར།
  • ལོ་སྟོད་དུ་ལྷོ་ཁའི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-11

    འདི་ལོ་ཚུན་ལྷོ་ཁ་ས་ཁུལ་གྱིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་སྙིང་པོ་མཐའ་འཁྱོངས་བྱེད་པ་དང་། རང་རྟོགས་ངང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ་བྱེད་པ། མ་འཇོག་སྐུལ་ཁྲིད་དང་། ཐོན་ལས་འདེགས་སྐྱོར། མང་ཚོགས་ཀྱི་འབབ་འཕར། དཔེ་སྟོན་སྣེ་ཁྲིད། སྒྱུར་བཅོས་སྒོ་དབྱེ་བཅས་ལ་ཤུགས་སྣོན་རྒྱག་པ། 2015ལོ་དེ་འཕེལ་རྒྱས་ཀྱི་འགག་སྒྲོལ་ལོ་ལ་བརྩི་བ། “འགག་སྒྲོལ་བཞི”མངོན་འགྱུར། “དཔེ་སྟོན་གསུམ”འཛུགས་པ། “ཆུ་ཚད་གཉིས”མཐོར་གཏོང་། “འཆར་འགོད་གཅིག”བཟོ་བ་བཅས་བྱས་ཏེ་ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་ཕྱོགས་ཡོངས་ནས་ཚད་བརྒལ་ཡོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    ལྷོ་ཁ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་འབྲེལ་ཡོད་བསྡོམས་རྩིས་གྲངས་གཞི་ལས་མངོན་དོན། ལོ་སྟོད་དུ་སྔོན་རྩིས་བྱས་ན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། གཏན་འཇགས་རྒྱུ་ནོར་མ་འཇོག ནོར་སྲིད་ཀྱི་ཡོང་སྒོ། སྤྱི་ཚོགས་འཛད་རྫས་ཀྱི་སིལ་ཚོང་བསྡོམས་འབོར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ། ཞིང་འབྲོག་པའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བཅས་སྒོར་དུང་ཕྱུར་40.23དང་། སྒོར་དུང་ཕྱུར་62.43 སྒོར་དུང་ཕྱུར་6.38 སྒོར་དུང་ཕྱུར་17.1 སྒོར་11732 སྒོར་3318བཅས་སོ་སོར་ཟིན་པ་དེ་དུས་མཚུངས་ལས་10.6%དང་། 5.8% 40% 20.8% 11.3% 15.3%བཅས་སོ་སོར་འཕར་ཡོད་པ་རེད།

    འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཞིང་། ལོ་སྟོད་དུ་ལྷོ་ཁ་ས་ཁུལ་གྱིས་རྣམ་གྲངས་སྐུལ་སྤེལ་དང་དངུལ་རྩའི་ལས་དོན་སོགས་ཀྱི་ཚོགས་འདུ་འཚོགས་ནས་རང་སྐྱོང་ལྗོངས་སྲིད་གཞུང་གི་2015ལོའི་གཙོ་གནད་ལས་དོན་ཁྲོད་ལྷོ་ཁ་ས་ཁུལ་དང་འབྲེལ་བ་ཡོད་པའི་རྣམ་གྲངས་144ལ་ལས་འགན་ཁག་བགོས་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་ཇུས་གཞི་གསར་པ་དང་འདེབས་གསོ་ཐོན་ལས་ཅན་གྱི་འཕེལ་རྒྱས་བསམ་འཆར་བཏོན་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རྣམ་གྲངས་མཛོད་འཐུས་ཚང་དུ་བཏང་བ་མ་ཟད། རྣམ་གྲངས་2200ལྷག་ཙམ་བཅོས་སྒྲིག་ཀྱང་བྱས་པ་རེད།

    ལེགས་ཆའི་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཞིང་། འདི་ལོ་ལྷོ་ཁ་ས་ཁུལ་གྱིས་དཔྱིད་རྨོད་མུའུ་ཁྲི་35.13ལེགས་སྒྲུབ་བྱས་པ་དང་ཕྱུགས་ཕྲུག་གསོན་ཚད་95.3%ཟིན་པའི་ཐོག་ཞོ་ལས་སྣོན་དང་། ཕྱུ་ར་མངར་མོ་ལས་སྣོན། ཟངས་རིའི་རྒུན་འབྲུམ་རྟེན་གཞི་རྒྱས་སྐྲུན། རྒྱ་ཚའི་ལན་མེ་རྟེན་གཞི་རྒྱས་སྐྲུན། རྩེད་ཐང་གི་རྩེད་ཐེར་བཅས་ཁྱད་ལྡན་ཞིང་འབྲོག་ལས“སྐུལ་འདེད་གསུམ”གྱི་རྣམ་གྲངས་5སྤེལ་འགོ་ཚུགས་ཡོད། ཡར་ཀླུང་གཙང་པོའི་བར་རྒྱུད་ཀྱི་ཆུ་གློག་འཆར་འགོད་ལ་ཆོག་མཆན་ཐོབ་པ་དང་རྫམ་ཆུ་ཤུགས་གློག་ཁང་གིས་ལོའི་ནང་འཕྲུལ་ཙུའུ་དྲུག་གི་གློག་བཏང་བའི་ཁར་ཧྥེང་ཧྭ་འོད་ཤུགས་དང་། རྒྱ་ཚ། ཏ་ཀུའུ་བཅས་ཀྱི་ཆུ་ཤུགས་གློག་ཁང་གི་འཛུགས་སྐྲུན་ལ་སྐུལ་མ་ཏན་ཏིག་ཐེབས་ཡོད། “གཏེར་ལས་རྟེན་གཞི་བཞིའི”འཛུགས་སྐྲུན་ལ་སྐུལ་མ་བརྟན་པོ་ཐེབས་ནས་འབྲི་ཆུའི་ལྷོ་རྒྱུད་གཏེར་ལས་དང་བོད་ལྗོངས་གཏེར་ལས་རྩད་ཞིབ་རྣམ་གྲངས་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་ཡོད། ཨར་སྐྲུན་རྒྱུ་ཆ་དང་། མི་རིགས་ལག་ཤེས་བཟོ་ལས། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་འཕེལ་རྒྱས་བརྟན་པོ་ཕྱིན་ཡོད། ལོ་སྟོད་དུ་ཡུལ་སྐོར་བ་མི་ཐེངས་ཁྲི་58.5ལ་སྣེ་ལེན་ཞུས་ནས་ཡོང་འབབ་སྒོར་དུང་ཕྱུར་2.2མངོན་འགྱུར་བྱུང་བ་དང་འབྲེལ་8.5%དང་23%སོ་སོར་འཕར་ཡོད་པ་རེད།

    རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་མ་ཐེབས་ཤིང་། རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་བརྒྱབ་ནས་རྒྱལ་ཁབ་ཀྱི་མ་འཇོག་དང་བོད་སྐྱོར་མ་འཇོག་སྒོར་དུང་ཕྱུར་50.16དང་སྒོར་དུང་ཕྱུར་2.6སོ་སོར་ཟིན་པ་དེ་དུས་མཚུངས་ལས་20.5%དང་76.9%སོ་སོར་འཕར་ཡོད། ཟངས་རི་ནས་མལ་གྲོ་གུང་དཀར་བར་གྱི་གཞུང་ལམ་དང་། སྤང་ཆེན་ནས་ཞིང་ཆུང་ཕོ་བྲང་བར་གྱི་མཐའ་སྲུང་གཞུང་ལམ། སྐྱེད་པ་ཆུ་མཛོད། རྩེད་ཐང་ཆེད་སྤྱོད་གཞུང་ལམ། ལྷ་ཉིང་ལྕགས་ལམ་དང་རྩེད་གོང་ཆེད་སྤྱོད་གཞུང་ལམ། ཡར་ཀླུང་ཆུ་མཛོད་བཅས་མགྱོགས་མྱུར་བསྐྲུན་པ་མ་ཟད། ས་ཁུལ་ཚན་རྩལ་རིག་གནས་ལྟེ་གནས་དང་། གྲོང་ཁུལ་རྙིང་པའི་ཆུ་མཁོ་འདོན་དང་ཆུ་འབུད་མདོང་དྲ། ལྷོ་བྲག་གི་གྲོང་གསེབ་གློག་དྲའི་རིམ་སྤོར་སྒྱུར་བཅོས་སོགས་ཀྱི་རྣམ་གྲངས་བསྐྲུན་ནས་སྤྱོད་ཉེར་ཡོད་པ་རེད།

    དམངས་འཚོའི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཅིང་། རང་སྐྱོང་ལྗོངས་ཀྱི་དམངས་འཚོའི“དོན་དངོས་བཅུ”དོན་འཁྱོལ་ནན་ཏན་བྱས་ཏེ་དམངས་འཚོའི་ཁ་གསབ་རིམ་སྤོར་སྲིད་ཇུས་26དོན་འཁྱོལ་བྱས་ཡོད། སྲིད་འཛིན་གྲོང་ཚོའི་འཕྲོད་བསྟེན་ཁང་100སྐྲུན་འགོ་ཚུགས་པ་དང་དམངས་ཡོངས་ཀྱི་རིན་མེད་བདེ་ཐང་བརྟག་དཔྱད་ལྗོངས་ཡོངས་སུ་སྔོན་ལ་ལེགས་སྒྲུབ་བྱས་པའི་ཐོག་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་མུ་མཐུད་ཆག་བཞིན་ཡོད། ལོ་སྟོད་དུ་མི་1673ལས་ཞུགས་ཐུབ་པ་དང་ཞིང་འབྲོག་ཁུལ་གྱི་ངལ་ནུས་མི་ཁྲི་4.66སྤོ་སྒྱུར་བྱས་ཁར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་2%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད། ས་ཁུལ་དང་རྫོང་གིས་ནོར་སྲིད་སྒོར་དུང་ཕྱུར་12.6བཀོད་སྒྲིག་དང་མ་དངུལ་སྒོར་དུང་ཕྱུར་19.3བསྡུ་སྒྲིལ་བྱས་ཏེ་2015ལོའི་དམངས་སེམས་འདུ་འགོད་ཆེ་གྲས་བཅུ་ལག་བསྟར་བྱས་པ་རེད།

    སྣོད་བཅུད་ཁོར་ཡུག་རྒྱུན་འཁྱོངས་ཡག་པོ་བྱས་ཤིང་། སྣོད་བཅུད་ལ་སྲུང་སྐྱོང་བྱེད་པའི་མ་མཐའི་མཚམས་ཐིག་ཡག་པོ་སྲུང་བ་དང་། “མཛེས་སྡུག་ལྡན་པའི་བོད་ལྗོངས”བསྐྲུན་རྒྱུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན། “སྣོད་བཅུད་སྟོབས་ཆེའི་ས་ཁུལ”གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་སྔོན་སྐྱོད་དཔེ་སྟོན་ཁུལ་དང“སྣོད་བཅུད་ལེགས་པའི་མིག་དཔེའི་ཁུལ”མཛེས་སྡུག་ལྡན་པའི་ལྷོ་ཁ་བཅས་བསྐྲུན་རྒྱུར་སྐུལ་འདེད་མགྱོགས་མྱུར་བཏང་ཡོད་པ་རེད། ལོ་སྟོད་དུ་མུའུ་ཁྲི་12.67ལ་ཤིང་འཛུགས་ནགས་གསོ་བྱས་པ་དང་མུའུ་ཁྲི་31.48ལ་བྱེ་འགོག་བྱེ་བཅོས་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།