དབུ་ཤོག>གསར་འགྱུར།
  • ཀྲུང་དབྱང་སྐུ་ཚབ་ཚོགས་པས་བོད་ལ་དྲན་གསོའི་ཕྱག་རྟགས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-08

    礼物1.jpg

    ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་བ་ཟབ་མོ་མཚོན་ཆེད། ཀྲུང་དབྱང་སྐུ་ཚབ་ཚོགས་པས་བོད་ལ་དྲན་གསོའི་ཕྱག་རྟགས་མང་པོ་གནང་ཞིང་། ད་ཆ་ཕྱག་རྟགས་མང་ཆེ་བ་ལྷ་སར་དབོར་ཟིན་ནས་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྔ་རྗེས་སུ་གནང་རྒྱུ་རེད།

    བསྣམས་ཕེབས་པའི་དྲན་གསོའི་ཕྱག་རྟགས་འདི་དག་བོད་ཀྱི་མང་ཚོགས་ཚོའི་དགོས་མཁོ་དངོས་ལ་དམིགས་པ་ཞིག་ཡིན་ལ། མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་ས་གནས་ཀྱི་མི་རིགས་ཆོས་ལུགས་ཀྱི་གོམས་གཤིས་དང་ཡང་མཐུན་པས་དྲན་གསོའི་དོན་སྙིང་ལྡན་ལ་སྟབས་བདེ་གོ་ཆོད་ཀྱང་ཡོད། དྲན་གསོའི་ཕྱག་རྟགས་སྣ་ཁ་ཆེན་པོ་8ཡོད་པ་སྟེ། རྟེན་འབྲེལ་ཞུ་བྱང་དང་། བཀྲ་ཤིས་གོས་དར། སྐུ་པར། ཁྱེར་བདེའི་ཉི་ནུས་བརྙན་འཕྲིན། བཙའ་མི་རྒྱག་པའི་གློག་སྒུལ་ཇ་མདོང་། རུས་རྒྱུའི་ཇ་དཀར་ཆ་ཚང་། ཇ་དཀར་བཀྲ་ཤིས་རྟགས་བརྒྱད་མ། གཡུ་རྩིའི་དུས་བདེ་བུམ་པ་བཅས་ཡིན་པ་དེ་དག་བོད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་རྩ་འཛུགས་དང་། སློབ་གྲྭ  སྨན་ཁང་། རྒན་གསོ་ཁང་། སྲིད་འཛིན་གྲོང་ཚོ། ཞིང་འབྲོག་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྱིམ་ཚང་། དགོན་སྡེ། ནང་བསྟན་སློབ་གླིང་བཅས་ལ་གཙོ་བོར་ཕྱོགས་ནས་ལས་ཀ་བྱེད་བཞིན་པའི་ལས་བཟོ་དང་། དགེ་རྒན། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི། བོད་སྡོད་བཅིངས་འགྲོལ་དམག   དྲག་ཆས་དཔོན་དམག   སྤྱི་བདེ་ཉེན་རྟོག་པ། ལས་འཁྱུར་ངལ་གསོ་བརྒྱབ་པའི་ལས་བཟོ་སོགས་ལ་སྤྲོད་རྒྱུ་ཡིན་པ་རེད།

    礼物2.jpg

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།