དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-07

    གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་ཁར་ཆར་པ་མང་ཙམ་འབབ་རྒྱུ།

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་9ཚེས་7ཉིན་ནས་ཟླ་9ཚེས་13ཉིན་བར)

    གཟའ་ཟླ་བ་ནས་མིག་དམར་བར་ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ། ནག་ཆུ་དང་གཞིས་རྩེའི་ལྷོ་རྒྱུད་དང་ཆབ་མདོར་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་སྤྲིན་པ་མང་པོ་འཁོར་ནས་ཐོལ་ཆར་འབབ་རྒྱུ། གཟའ་ཕུར་བུ་ནས་གཟའ་པ་སངས་བར་ཉིང་ཁྲི་དང་ཆབ་མདོའི་ལྷོ་རྒྱུད་དང་ལྷོ་ཁར་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་གཞིས་རྩེ་དང་ལྷ་སར་ཆར་པ་ཆུང་བ་འབབ་རྒྱུ། ས་ཆ་ཁག་གཅིག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་མཇུག་ཉིན་གཉིས་ནང་ནག་ཆུ་དང་། ཆབ་མདོ། ཉིང་ཁྲི་བཅས་སུ་ཆར་པ་སིམ་སིམ་འབབ་རྒྱུ་དང་ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་རེའི་ཆ་སྙོམས་ཀྱི་ཆར་པ་འབབ་ཚད། ནག་ཆུར་མང་ཙམ་འབབ་རྒྱུ་དང་ས་ཆ་གཞན་ལ་རྒྱུན་གཏན་ཡིན། གཟའ་རེའི་ཆ་སྙོམས་ཀྱི་དྲོད་ཚད། ལྗོངས་ཡོངས་སུ་རྒྱུན་གཏན་ལས་དམའ་ཙམ་ཡོད། 

    གཉིས། གྲོས་འགོ

    1.གཟའ་འཁོར་གོང་མར་དབུས་ཤར་ས་ཁུལ་ལ་བསྟུད་མར་ཆར་པ་འབབ་པའི་གནམ་གཤིས་བསྟན་པ་དང་གཟའ་འཁོར་དེར་དབུས་ཤར་རྒྱུད་ལ་མུ་མཐུད་ཆར་པ་འབབ་རྒྱུ་ཡིན་པས་འབྲེལ་ཡོད་སྡེ་ཚན་གྱིས་ས་གཤིས་གནོད་འཚེའི་མི་མངོན་པའི་ས་ཆ་དང་ཆུ་བོ་འབྲིང་ཆུང་དང་དེ་བཞིན་ཆུ་མཛོད་ལ་སྐོར་ཞིབ་དང་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་རི་ཉིལ་དང་། ཆུ་རུད། ཆུ་ལོག་སོགས་ས་གཤིས་ཀྱི་གནོད་འཚེ་འགོག་ཟོན་བྱེད་པར་དོ་སྣང་བྱེད་དགོས། 

    2.གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་ཤར་རྒྱུད་དུ་གནམ་འཐིབས་ནས་ཆར་པ་མང་པོ་བབས་ནས་ལམ་ངོས་རློན་འདྲེད་ཆེ་བས་འབྲེལ་ཡོད་ལམ་བུར་འགྲོ་འོང་བྱེད་མཁན་ཁ་ལོ་བས་ཡིད་གཟབ་ངང་རླངས་འཁོར་བཏང་ནས་འགྲིམ་འགྲུལ་བདེ་འཇགས་འགན་ལེན་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།