དབུ་ཤོག>གསར་འགྱུར།
  • རང་ལྗོངས་ཀྱི་ནོར་སྲིད་ཞིང་ཕན་མ་དངུལ་གཏོང་སྤྲོད་ཀྱི་ལྟ་སྐུལ་དོ་དམ་སྟེགས་བུ་ཐོག་མ་དེ་འཁོར་རྒྱུག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-07

    རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ཞིང་ཕན་མ་དངུལ་སྤྲོད་པའི་ལྷུ་ཚིགས་ཉུང་དུ་གཏོང་ཆེད་ཉིང་ཁྲི་གྲོང་ཁྱེར་གྱིས་བྲག་ཡིབ་ཆུས་སུ་རང་ལྗོངས་ཀྱི་ནོར་སྲིད་ཞིང་ཕན་མ་དངུལ་གཏོང་སྤྲོད་ཀྱི་ལྟ་སྐུལ་དོ་དམ་སྟེགས་བུ་ཐོག་མ་དེ་ཚོད་ལྟའི་ངང་འཛུགས་སྐྲུན་བྱས་པ་དང་འབྲེལ“ཞིང་ཕན་གཱ་གཅིག་འཐུས”ཁྱབ་གདལ་ཤུགས་ཆེན་བཏང་བར་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད། མིག་སྔར་ཉིང་ཁྲི་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་སྟེགས་བུ་དེ་བརྒྱུད་ཞིང་འབྲོག་མང་ཚོགས་ལ་ཞིང་ཕན་མ་དངུལ་ཁག་7དང་ཐེངས་10བསྡོམས་སྒོར་ཁྲི་3700ལྷག་ཙམ་སྤྲད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ནོར་སྲིད་ཞིང་ཕན་མ་དངུལ་གཏོང་སྤྲོད་ཀྱི་ལྟ་སྐུལ་དོ་དམ་སྟེགས་བུ་བསྐྲུན་པའི་དམིགས་ཡུལ་ནི་ཞིང་ཕན་སྲིད་ཇུས་ཁག་དུས་ཐོག་ཏུ་དོན་འཁྱོལ་བྱེད་པ་དང་ཞིང་ཕན་མ་དངུལ་ཐད་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཧམ་བཟུང་དང་། སྒེར་སྤྱོད། “རྒྱུག་རྫུས་ཆད་ལུས”སོགས་ཀྱི་སྣང་ཚུལ་ཐོན་རྒྱུ་སྔོན་འགོག་བྱས་ཐོག“གཅིག་འཐུས་ཞིང་ཕན་གཱ”བརྒྱུད་ཞིང་ཕན་མ་དངུལ་དུས་ཐོག་དང་། གྲངས་ཚད་ལོན་པ། སྐྱོན་བྲལ་བཅས་ངང་ཞིང་འབྲོག་མང་ཚོགས་ཀྱི་ལག་ཏུ་སྤྲོད་ཐུབ་པའི་འགན་ལེན་བྱ་ཆེད་ཡིན་པ་རེད།

    སྟེགས་བུ་དེ་འཁོར་རྒྱུག་བྱས་པ་ནས་བཟུང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་གཞོགས་འདེགས་དམ་ཟབ་བྱས་ཏེ་ལག་བསྟར་ཇུས་གཞི་བཟོས་ཐོག་མིང་སྐལ་གཅིག་གྱུར་ཐོག་དོ་དམ་དང་། མ་དངུལ་དུད་ཁྱིམ་ལ་བཅོལ་བ། ཁ་གསབ་རོགས་དངུལ་གཱ་ཐོག་སྤྲོད་པ། ཞབས་ཞུ་ས་ཚིགས་གཅིག་ནས་བྱེད་པ། མཇུག་རྩིས་ལས་རིམ་གཅིག་ཐོག་བྱེད་ཐུབ་པ། གཏོང་ཡོང་རྩིས་ཐོ་གཅིག་བཅས་ལྟེ་བའི་ནང་དོན་དུ་བྱས་པའི་དོ་དམ་དང་གཏོང་སྤྲོད་བྱ་ཐབས་ལག་ལེན་བསྟར་ནས་ཞིང་ཕན་མ་དངུལ་ཁག་སྤྲོད་ཡུལ་གཅིག་ལས་མེད་པ་བྱས་ཏེ“གཅིག་འཐུས་ཞིང་ཕན་གཱ”མངོན་འགྱུར་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།