དབུ་ཤོག>གསར་འགྱུར།
  • ​ལོ་སྟོད་དུ་བོད་ཀྱི་ལས་གཉེར་ཁྲལ་དེ་གནས་ཐང་འཕར་ཁྲལ་དུ་སྒྱུར་བའི་ཚོད་ལྟའི་ནང་ཁྲལ་སྒོར་དུང་ཕྱུར་2.5ཉུང་དུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-06

    ལས་གཉེར་ཁྲལ་དེ་གནས་ཐང་འཕར་ཁྲལ་དུ་བསྒྱུར་བ་ནས་བཟུང་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ཀྱིས་ལས་གཉེར་ཁྲལ་དེ་གནས་ཐང་འཕར་ཁྲལ་དུ་བསྒྱུར་བའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་གནས་ཚུལ་གསར་པར་ཁ་གཏད་ཧུར་ཐག་བཅག་པ་དང་སློབ་སྦྱོང་ཧུར་ཐག་དང་དོན་འཁྱོལ་དམ་འཛིན་བྱས་ནས་གནད་དོན་གསར་པ་ཐག་གཅོད་བྱས་པས་ལྗོངས་ཡོངས་ཀྱི་ཡོང་སྒོའི་ཁྲལ་འབབ་ཚབ་འཕྲི་བྱེད་ཁོངས་ཆེ་རུ་ཕྱིན་པ་དང་། ཡོང་སྒོའི་ཁྲལ་འབབ་ཚབ་འཕྲིའི་བསྡུར་གྲངས་ཆེ་རུ་ཕྱིན་པ། ཚད་ལྟའི་ནང་གི་ཁྲལ་འཇལ་བར་ཡོངས་ཁྱབ་ངང་ཕན་པ་ཐོབ་པ། “ཐེམ་གྲངས་མང་དུ་སོང་བ་དང་ཁྲལ་འབབ་འཕར་བ”བཅས་ཀྱི་དགའ་འོས་པའི་རྣམ་པ་ཐོན་ཡོད།

    འདི་ལོའི་ཟླ་དྲུག་པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་ཚོད་ལྟའི་ཁྲལ་འཇལ་བ་ཐེམ་གྲངས་5827ལས་གཉེར་ཁྲལ་དེ་གནས་ཐང་འཕར་ཁྲལ་དུ་བསྒྱུར་བའི་ཚོད་ལྟ་བྱེད་ཁོངས་སུ་བཅུག་ནས་ཁྲལ་འཇལ་དགོས་པའི་ཞབས་ཞུའི་ནང་རིན་ཐང་འཕར་ཁྲལ་འཇལ་དགོས་པའི་ཁྲལ་འབབ་ནི་སྒོར་དུང་ཕྱུར་2.1ཡིན་པས་ཚོད་ལྟའི་ལས་རིགས་དང་ཡོ་བསྲང་མ་བྱས་གོང་གི་ལས་གཉེར་ཁྲལ་དང་བསྡུར་ན་སྤྱི་ཡོངས་ནས་ཁྲལ་བསྡུ་ཚད་སྒོར་དུང་ཕྱུར་0.94ཉུང་དུ་ཕྱིན་ཡོད། དེ་སྔའི་གནས་ཐང་འཕར་ཁྲལ་གྱི་སྤྱིར་བཏང་ཁྲལ་འཇལ་བའི་ཁྲལ་འཇལ་དགོས་པའི་ཞབས་ཞུའི་ཚབ་འཕྲི་བྱེད་ཚད་སྒོར་དུང་ཕྱུར་1.53འཕར་ཡོད། རྒྱུ་རྐྱེན་དེ་གཉིས་ལས་ལས་གཉེར་ཁྲལ་དེ་གནས་ཐང་འཕར་ཁྲལ་དུ་བསྒྱུར་བའི་ཚོད་ལྟའི་ལས་དོན་ནང་ལོ་སྟོད་དུ་ཁྲལ་སྒོར་དུང་ཕྱུར་2.5ཙམ་ཉུང་དུ་ཕྱིན་ཡོད། ལས་གཉེར་ཁྲལ་དེ་གནས་ཐང་འཕར་ཁྲལ་དུ་བསྒྱུར་བའི་ཚོད་ལྟ་བྱས་རྗེས་དེ་སྔ་ལས་གཉེར་ཁྲལ་ཚབ་འཕྲི་བྱེད་མི་ཐུབ་པ་ལས་ཡང་བསྐྱར་ཁྲལ་འཇལ་བའི་གནད་དོན་ཐག་གཅོད་བྱས་ཏེ་སྤྱི་ཡོངས་ཀྱི་ཁྲལ་བསྡུའི་ཁུར་པོ་ཆེས་ཆེར་ཆུང་དུ་བཏང་བ་དང་ཁྲལ་འཇལ་བར་ཕན་པ་ཐོབ་ནས་འབྲེལ་ཡོད་ལས་རིགས་འཕེལ་རྒྱས་ལ་ཐད་ཀར་སྐུལ་མ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།