དབུ་ཤོག>གསར་འགྱུར།
  • གྲོང་ཚོར་བཅའ་སྡོད་བྱེད་སྐབས་ཕྱོགས་གཅིག་གི་ལས་དོན་ཡག་པོ་བསྒྲུབས་ནས་ཕྱོགས་ཡོངས་ལ་སྐུལ་སྤེལ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཞེ་ཝེ་ཡིས།   |     སྤེལ་དུས།  2015-09-04

    སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་བ་ནི་ལྗོངས་ཏང་ཨུད་ཀྱིས་ཕུགས་དང་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ནས་བཏོན་པའི་གཞི་རྩའི་རང་བཞིན་དང་། རྨང་གཞིའི་རང་བཞིན། འཐབ་ཇུས་རང་བཞིན་བཅས་ལྡན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན། དེར་བརྟེན་ང་ཚོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིས་ཕྱོགས་གཅིག་གི་ལས་དོན་ལེགས་པར་བསྒྲུབས་པའི་ཁར། ལས་དོན་སྤེལ་རྒྱ་ཆེ་རུ་བཏང་བ་དང་། སྣེ་འཁྲིད་ཀྱི་ནུས་པ་བཏོན་ནས་ཕྱོགས་ཡོངས་ལ་སྐུལ་སྤེལ་གཏོང་དགོས།

    དཔལ་མགོན་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཞི་པའི་རུ་མིས་རང་སྐྱོང་ལྗོངས་ཀྱི“ལས་འགན་ཁག་ལྔ”དང་དམ་པོར་དམིགས་ཏེ“ཞབས་ཞུ་བ”དང་། “དྲིལ་བསྒྲགས་པ”“ལས་སྒྲུབ་པ”བཅས་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཐོག ཏན་ཏིག་དང་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་ཁག་བསྒྲུབས་ཤིང་། གྲོང་ཚོར་བཅའ་སྡོད་ལས་དོན་ཁག་ལེགས་པར་བསྒྲུབས་ནས་རྨང་བརྟན་དམངས་ཕན་གྱི་བྱེད་སྒོར་ཕན་འབྲས་ཐོན་རྒྱུར་སྐུལ་མ་བཏང་བ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་བསུ་བ་ཞུས་པ་རེད།

    ཚན་རིག་དང་མཐུན་པའི་གོང་འཕེལ་གྱི“ཞབས་ཞུ་བ”ཡག་པོ་བྱས་ནས་མང་ཚོགས་ཀྱི་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེ་རུ་བཏང་ཞིང་། ཁོ་ཚོས་སྡེ་ཚན་དང་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་ཐབས་ལམ་མང་པོར་བརྟེན་པ་དང་ཞིང་འབྲོག་མང་ཚོགས་ལ་ཐོན་འཕར་འབབ་འཕར་ཡོང་རོགས་བྱས་ཡོད། གྲོང་ཚོའི་འཐུས་མི་སྒྲིག་འཛུགས་ཀྱིས་དར་རྒྱས་ཆེ་བའི་ས་ཁུལ་དུ་ལྟ་སྐོར་དང་ཕྱུག་འགྱུར་ཉམས་མྱོང་སློབ་སྦྱོང་བྱས་པ་མ་ཟད། ཞིང་འབྲོག་མང་ཚོགས་ཀྱི་ཚོང་ལས་དང་ལས་སྒྲུབ་ལ་ཁྲིད་སྟོན་ཧུར་ཐག་བྱས་ནས་དངུལ་སྨར་གྱི་ཡོང་འབབ་མང་དུ་བཏང་བ་རེད།

    དམངས་ཕན་སྲིད་ཇུས་ཀྱི“དྲིལ་བསྒྲགས་པ”ཡག་པོ་བྱས་ནས་ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་སྒོ་ཀུན་ནས་བརྒྱབ་ཅིང་། ཏང་ཡོན་གྱི་ཚོགས་འདུ་དང་། མང་ཚོགས་ཀྱི་ཚོགས་ཆེན། བཞུགས་མོལ་ཚོགས་འདུ། སྙན་ཞུའི་ཚོགས་འདུ་སོགས་ལ་བརྟེན་པ་དང་། མི་སེར་གྱིས་གོ་ཐུབ་པ་དང་ཡིད་ལ་ངེས་པའི་སྐད་ཆར་བརྟེན་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང་། ཏང་གི་ཞིང་དར་དམངས་ཕན་གྱི་སྲིད་ཇུས། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད། མང་ཚོགས་བོད་གསར་རྙིང་བསྡུར་བའི་པར་རིས་འགྲེམ་སྟོན་ལ་བལྟ་རུ་བཅུག་ནས་ཆེས་གཞི་རྩར་གྱུར་པའི་གནས་ལུགས་དང་། ཆེས་གཞི་རྩར་གྱུར་པའི་ལྟ་ཚུལ། ཆེས་གཞི་རྩར་གྱུར་པའི་དོན་དངོས་བཅས་ཁག་གཅིག་ཡིད་ལ་ཧུར་ཐག་ངང་འཇགས་པ་བྱས་ཏེ་ཕན་པ་གང་དུ་ཡོད་པ་དང་ཕན་པ་གང་ནས་བྱུང་བ་དངོས་སུ་རྟོགས་པར་བྱས་པ་རེད།

    གཞི་རིམ་མང་ཚོགས་ཀྱི“ལས་སྒྲུབ་པ”གང་ལེགས་བྱས་ནས་བྱ་བ་དངོས་བསྒྲུབས་པ་དང་དཀའ་གནད་ཧུར་ཐག་བསལ་ཞིང་། ཁོང་ཚོས་གྲོང་ཚོར་བཅའ་སྡོད་(ཡུལ་མི་ཨུ་ལྷན)བྱ་ཡུལ་གྱི་གློག་སྤྱོད་དཀའ་བ་དང་། འགྲུལ་སྐྱོད་དཀའ་བ། འཐུང་ཆུ་དཀོན་པ་སོགས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་པ་དང་། གྲོང་མིར་ལམ་བཟོས་པ་དང་། ཟམ་པ་བརྒྱབ་པ། ཁྲོན་པ་དྲུས་ཏེ་མང་ཚོགས་ལ་ཕན་པ་གང་ལེགས་ཐོབ་པར་བྱས་པ་རེད།

    མདོར་ན། རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཚོས་གོ་སྐབས་གཅེས་སྤྲས་ཀྱིས་གྲོང་ཚོར་བཅའ་སྡོད་ཀྱི་བྱེད་སྒོ་དེ་ཉིད་མི་ཚེའི་ཉམས་མྱོང་ཐོབ་དཀའ་བ་ཞིག་ཏུ་བརྩིས་ཏེ་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུས་པ་དང་། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཞི་མཐུན་དང་གོ་རིམ་ལྡན་པའི་གོང་འཕེལ་ཐད་སྐུལ་མ་བཏང་ནས་འཕེལ་རྒྱས་དང་ཞི་མཐུན་གྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།