ཁྲེང་ཀོན་ཆུས་ལྷ་ཀླུ་སྡེ་ཁུལ་དུ་བཅའ་སྡོད་རང་སྐྱོང་ལྗོངས་རྨང་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་རུ་ཁག(ལྷ་ས་སྦྲག་སྲིད་ཡན་ལག་ཀུང་སིས་མངགས་པ)བཅའ་སྡོད་བྱས་པ་ནས་བཟུང་། བཞུགས་མོལ་ཚོགས་འདུ་འཚོག་པ་དང་། མང་ཚོགས་ལ་བཅར་འདྲི་བྱེད་པ། ས་ཆ་དངོས་སུ་བརྟག་ཞིབ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་མང་ཚོགས་དང་འབྲེལ་འདྲིས་ཧུར་ཐག་བྱེད་པ་དང་། སྡེ་ཁུལ་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་འཚོལ་བ། སྡེ་ཁུལ་གྱི་ཐོན་ཁུངས་དང་ས་ཁམས་ལེགས་ཆ་སྤྱོད་པ་སོགས་བྱས་ནས་ལས་དོན་རུ་ཁག་གསུམ་པས་བཟོས་པའི་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་འཆར་གཞིའི་ཐོག“གཞི་རིམ་དུ་སྲིད་ཇུས་དྲིལ་བསྒྲགས་དང་། གཞི་རིམ་དུ་བཅའ་ཁྲིམས་དྲིལ་བསྒྲགས། གཞི་རིམ་དུ་རྣམ་གྲངས་སྐྲུན་པ། གཞི་རིམ་དུ་ཞབས་འདེགས་ཞུ་བ། གཞི་རིམ་དུ་ཏང་འཛུགས་སྐྱོང་། གཞི་རིམ་དུ་ཤེས་དཔལ་དར་སྤེལ་གཏོང་བ། གཞི་རིམ་དུ་ཞི་མཐུན་ཡོང་བ་བྱེད་པ”བཅས་ལག་ལེན་གྱི་གཞི་རྟེན་དུ་འཛིན་ནས་མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ནས་གྲོང་མི་ཨུ་ལྷན་གྱི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་ཕྱོགས་ཡོངས་ནས་གཞི་རིམ་གྱི་རྨང་གཞིའི་ལས་དོན་དམ་འཛིན་བྱེད་རོགས་བྱས་པ་དང་ཐབས་ལམ་མང་པོར་བརྟེན་ནས་མ་དངུལ་གྲབས་གསོག་བྱས་ཏེ་མང་ཚོགས་ལ་བྱ་བ་དངོས་བསྒྲུབས་ཡོད་པ་རེད།
“དུས་ཐུང་མྱུར་འགྲུབ”ཀྱི་རྣམ་གྲངས་དུས་ཐོག་དང་ལུགས་མཐུན་ངང་གཏན་འཁེལ་དང་གོང་ཞུ་བྱས་ཤིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཞི་པས་སྡེ་ཁུལ་དུ་བཅའ་སྡོད་བྱས་པ་ནས་བཟུང་། འཕྲལ་མ་ཉིད་དུ“དུས་ཐུང་མྱུར་འགྲུབ”ཀྱི་རྣམ་གྲངས་ཇུས་འགོད་དང་བརྟག་ཞིབ་བྱས་ཏེ་མ་དངུལ་སྒོར་ཁྲི་25བཏང་ནས་གྲོང་མི་ཨུ་ལྷན་ལ་ཁོར་ཡུག་སྲུང་སྐྱོང་གི་བཙོག་འཐེན་རླངས་འཁོར་ཉོ་རྒྱུའི་འཆར་གཞི་བཏིང་ཞིང་། རྣམ་གྲངས་དེ་འཕྲལ་མ་ཉིད་དུ་ཁྲེང་ཀོན་ཆུས་རྨང་བརྟན་དམངས་ཕན་གཞུང་ལས་ཁང་ལ་སྙན་སེང་ཞུས་པ་དང་། མིག་སྔར་རྣམ་གྲངས་ཀྱི་མ་དངུལ་དོན་འཁྱོལ་བྱེད་བཞིན་ཡོད་པ་རེད། སྔར་ལས་ལྷག་པའི་ངང་སྡེ་ཁུལ་དུ་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་ནས་དམངས་ལ་བྱ་བ་དངོས་བསྒྲུབས་ཏེ་སྡེ་ཁུལ་ཞབས་ཞུའི་ས་ཚིགས་དངོས་འབྲེལ་ཁྱོན་ཡོངས་ལ་ཁྱབ་པ་བྱ་ཆེད། ལས་དོན་རུ་ཁག་གིས་དམངས་ཕན་ཞབས་ཞུའི་ས་ཚིགས་སྐྲུན་པའི་བརྒྱུད་རིམ་ནང་མ་དངུལ་སྒོར་ཁྲི་2རེ་ཞུ་བྱས་ཏེ་སྡེ་ཁུལ་དུ་གཞུང་དོན་མཁོ་ཆས་ཁག་གཅིག་ཐག་གཅོད་བྱས་ཡོད་པ་རེད།
ལྷ་ཀླུ་སྡེ་ཁུལ་ཚོགས་ཆུང་དང་པོའི་ནུབ་ངོས་ཀྱི་ཟམ་པ་དེ་1997ལོར་བསྐྲུན་པ་དང་། བསྐྲུན་ནས་ཡུན་རིང་སོང་ཞིང་། དོ་དམ་མི་འདང་བའི་རྐྱེན་གྱིས་ཟམ་པར་གཏོར་སྐྱོན་ཚབས་ཆེན་ཕོག་སྟེ་ལྕགས་སྒྲོམ་ཕྱིར་དོན་ནས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཚབས་ཆེན་གནས་པ་དང་། གྲོང་མི་མང་ཚོགས་འགྲོ་སྐྱོད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད། ལས་དོན་རུ་ཁག་གིས་མང་ཚོགས་ཀྱི་རེ་བ་ལྟར་ཚད་ཡོད་ཀྱི་མ་དངུལ་ཁྲོད་ནས་སྒོར་ཁྲི་1.4བཏོན་ནས་ཟམ་པ་བསྐྲུན་ནས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་བསལ་བ་དང་གྲོང་མི་མང་ཚོགས་ཚོའི་འགྲོ་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས་ཡོད་པ་རེད།