དབུ་ཤོག>གསར་འགྱུར།
  • བོད་ཀྱི་ཁྲལ་བསྡུའི་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་934.89ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-09-04

    206006_yis_1441255421990.jpg

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་ཚུན། བོད་ཀྱི་ཁྲལ་བསྡུའི་ཡོང་འབབ་གཞི་ཁྱོན་རིམ་བཞིན་ཆེ་རུ་ཕྱིན་ནས་མཆོང་སྐྱོད་ལྟ་བུའི་ངང་འཕར་ཡོད་དེ། ཁྲལ་བསྡུའི་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་934.89ཟིན་ནས། ལོ་རེར་ཆ་སྙོམས་སྒོར་དུང་ཕྱུར་3.63འཕར་བ་དང་། ལོ་རེའི་འཕར་ཚད་16%ཟིན་ཡོད། ཟླ་9ཚེས་1ཉིན་བོད་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ཀྱིས་དངུལ་ཁྲལ་དུས་ཐེངས་གསུམ་པའི་འདུ་འགོད་ལེགས་འགྱུར་རིགས་ཕྱོགས་རྐྱང་པའི་འཁོར་རྒྱུག་བྱས་ཤིང་། འདི་ནི་ལས་དོན་མི་སྣས་ཚོང་དུད་ལ་ཁྲལ་དོན་ཐོ་འགོད་སྒྱུར་བཅོས་དང་། འཛིན་ཤོག་འཚོང་བ། ཚོང་གཉེར་དཔྱ་ཁྲལ་གྱི་ཡིག་ཐོག་སྙན་ཞུ་འབུལ་བ་སོགས་ཀྱི་ལས་སྒོ་གཉེར་བའི་རྣམ་པ་ཡིན་པ།  


    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།