དབུ་ཤོག>གསར་འགྱུར།
  • ཞི་བདེ་དང་དྲང་བདེན་གྱི་གཟི་ཤུགས་གཅིག་ཏུ་བསྒྲིལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད།   |     སྤེལ་དུས།  2015-09-04

    ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུས་སྐབས་རེ་འགའ་ནི་ནུབ་མེད་ཀྱི་ལམ་ སྒྲོན་དང་འདྲ་བར་མི་རིགས་ཀྱི་འབྱུང་འགྱུར་ལ་ལམ་སྟོན་བྱེད་ཀྱི་ཡོད།

    ལོ་70ཡི་གོང་དུ་ཀྲུང་གོ་མི་དམངས་ཀྱིས་དཀའ་སྤྱད་འབད་འཐབ་ངང་ཁྲག་བཏོན་དམར་ འཛིང་བྱས་ནས་གདུག་རྩུབ་གདུག་ནག་གི་རི་པིན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ ཕམ་ཉེས་བཏང་སྟེ་དེང་རབས་ཚུན་གྱི་ཕྱི་དགྲའི་བཙན་འཛུལ་འགོག་རྒོལ་ཐད་ཀྲུང་གོར་ ཕྱོགས་ཡོངས་ནས་རྒྱལ་ཁ་ཐེངས་དང་པོ་ཐོབ་ཡོད། ཟླ་དགུ་པའི་ཚེས་གསུམ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་ གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་ བའི་དྲན་གསོའི་ཉིན་མོ་ཡིན་པས་ང་ཚོས་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་གཉེར་ནས་ མི་རིགས་ཤིག་གི་ལོ་རྒྱུས་ལ་དྲན་གསོ་བྱས་ནས་རྒྱལ་ཁབ་ཅིག་གི་ཞི་བདེ་དོན་གཉེར་ མངོན་པར་བྱས་ཡོད།

    སྒྲ་གསལ་བའི་གོམ་སྒྲ་དང་རྔམ་བརྗིད་ལྡན་པའི་རོལ་དབྱངས་ཀྱིས་མི་རྣམས་ཁྱིམ་ཚང་ དང་རྒྱལ་ཁབ་འཐོར་བ་དང་རི་ཀླུང་ཚང་མར་མི་བསད་ཁྲག་རྐྱེན་བྱུང་བའི་ལོ་ཟླའི་ ཕྱོགས་ལ་ཡིད་ཁ་བསྒྱུར། ལོ་དྲུག་གི་ས་ཆ་ཆ་ཤས་ཀྱི་རི་འགོག་དང་ལོ་བརྒྱད་ཀྱི་ཕྱོགས་ཡོངས་ཀྱི་རི་འགོག་ དམག་འཁྲུག་གིས་ཀྲུང་གོའི་ས་གཞི་ཆེན་པོར་དམག་འཁྲུག་རྒྱུན་མི་ཆད་པ་ལངས་ཀྱང་ ཀྲུང་གོ་གུང་ཁྲན་ཏང་གིས་ཆུ་གཞུང་གི་གཞོམ་མེད་བྲག་རི་ལྟར་མི་རིགས་ཧྲིལ་པོའི་ རྒྱལ་ཁབ་སྐྱོབ་གནས་ཐུབ་པའི་རེ་བ་བཏེགས་ཏེ་དམག་འཁྲུག་གི་རྒྱལ་ཁ་ལེན་པའི་ཁ་ ཕྱོགས་ཡང་དག་ལ་ཁྲིད་སྟོན་བྱས། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་དང་གསར་གཏོད་བྱས་པའི་དགྲ་བོའི་རྒྱབ་ཕྱོགས་ ཀྱི་གཡུལ་ས་དང་གོ་མིན་ཏང་གིས་སྒྲིག་འཛུགས་བྱས་པའི་མདུན་ཕྱོགས་གཡུལ་ས་གཉིས་ གཞོགས་འདེགས་མཉམ་ལས་བྱས་ནས་རི་པིན་བཙན་འཛུལ་པར་ཐུན་མོང་ཐོག་འགོག་རྒོལ་བྱེད་ པའི་ཡིད་སྐྱོ་ཞིང་བརྗིད་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་ཡོད།

    ཀྲུང་གོ་གུང་ཁྲན་ཏང་གིས་དར་སྤེལ་དང་སྐུལ་འདེད་བཏང་ནས་བཏོད་པའི་རི་འགོག་མི་ རིགས་འཐབ་ཕྱོགས་གཅིག་གྱུར་གྱི་དར་ཆའི་འོག་ཀྲུང་ཧྭའི་བུ་ཕྲུག་ཁྲི་སྟོང་མང་ པོས་ཐུན་མོང་ཐོག་ཕྱིའི་བརྙས་བཅོས་འགོག་པ་དང་ཁྲག་དྲོན་དང་ཚེ་སྲོག་ལ་བརྟེན་ ནས་མི་རིགས་རང་བཙན་དང་འཛམ་གླིང་ཞི་བདེ་བརྩོན་ལེན་བྱས་པ་དང་། “རི་ཆུ་དང་མཉམ་གནས་ཀྱི་དམ་བཅའ”འཇོག་པའི་ཆོད་སེམས་བརྟན་པོ་དང་། “ཁྲག་དྲོན་ལ་བརྟེན་ནས་རང་རེའི་ཀྲུང་ཧྭ་སྲུང་བའི”ཞུམ་མེད་ཀྱི་བློ་སྟོབས། “རི་ཀླུང་གང་སར་ཁྲག་གིས་ཁེངས་པའི”བློས་གཏོང་ཆེན་པོ་བཅས་བྱས་ཏེ་རླབས་ཆེན་ གྱི་རྒྱལ་ཁ་ཞིག་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་དང་མིའི་རིགས་ཀྱི་ཞི་ བདེའི་ལོ་རྒྱུས་དེབ་ཐེར་ཐོག་ནམ་ཡང་བཀོད་ཡོད།

    ཀྲུང་ཧྭ་མི་རིགས་དེ་ཉམས་རྒུད་ནས་བསྐྱར་དར་གྱི་ཕྱོགས་སུ་སྐྱོད་པའི་ཁ་ལོ་ བསྒྱུར་ས་དེ་ནས་འགོ་ཚུགས་པ་དེ་ལོ་རྒྱུས་ཀྱིས་བརྟན་པོ་ངེས་དགོས། རི་པིན་དམག་རྒྱལ་རིང་ལུགས་ཀྱི་ལྕགས་རྨིག་གིས་རྒྱུན་མ་ཆད་པའི་ཀྲུང་ཧྭའི་ཤེས་ དཔལ་རྩ་གཏོར་གཏོང་མི་ཐུབ་པ་མ་ཟད། གནའ་བོའི་མི་རིགས་འདིའི་སྔར་ན་མེད་པའི་གོ་རྟོགས་དང་དཔའ་མཛངས་རབ་ཏུ་འཕེལ། ས་གཞིར་ལྷོ་བྱང་དབྱེ་བ་མེད་ལ་མི་ལའང་རྒན་གཞོན་གྱི་དབྱེ་བ་མེད་པར་མི་དམངས་ དུང་ཕྱུར་ཁྲིས་དགྲ་ལ་མཉམ་སྡང་གིས་རི་ཀླུང་སྒུལ་ཐུབ་པའི་དཔའ་བོའི་བསྟོད་གླུ་ བླངས་པ་དང་། དགའ་སྐྱོ་གཉིས་ལྡན་གྱི་བསམ་པའི་ལོ་རྒྱུས་ཀྱི་སྙན་ངག་བརྩམས་པ། རི་བོ་ལྟར་བརྟན་པའི་ལྕགས་རི་རིང་པོ་ཞིག་གྲུབ་པ་བཅས་བྱས་ནས་མི་སེར་སྤེལ་ཡུལ་ ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་ཀྲུང་གོའི་སྤྱི་ཚོགས་ཐོག་རྒྱལ་ ཁབ་སྐྱོབ་གནས་ཐུབ་པ་དང་འབད་འབུངས་རང་སྤེལ་གྱི་ཚ་རླབས་ཤིག་འཕྱུར་ནས་དཀའ་ སྡུག་ཚད་མེད་མྱངས་པའི་རྒྱལ་ཁབ་དེ་བསྐྱར་སྐྱེས་ཀྱི་ལམ་བུ་གསར་པར་བསྐྱོད།

    དེང་རབས་འཛམ་གླིང་ཁྲོད་ཀྱི་ཀྲུང་གོའི་རྒྱལ་ཁབ་ཆེན་པོའི་གནས་བབ་འདི་ནས་གཏན་ འཁེལ་བྱས་པ་དེ་ལོ་རྒྱུས་ཀྱིས་བརྟན་པོ་ངེས་དགོས། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་གིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་ བྱེད་པའི་དམག་འཁྲུག་གི་ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོ་བཏོད་པས་འགོ་བཙུགས་མ་ཐག་ ནས་མིའི་རིགས་ཀྱི་ཤེས་དཔལ་སྐྱོབ་པ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་ པའི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། ཀྲུང་གོས་དཔའ་མི་ཞུམ་པར་ཧྥ་ཤི་སིའི་ཕྱོགས་གཏོགས་སྨྱོ་ཧམ་ཆེན་པོ་དེ་སྣེ་ ཁྲིད་ནས་བཀག་འགོག་ཐུབ་ཡོད། ཀྲུང་གོའི་རྒྱུན་སྲིང་གི་རི་འགོག་དམག་འཁྲུག་དེས་ཧྥ་ཤི་སིའི་ཕྱོགས་གཏོགས་ གཅིག་སྒྲིལ་གྱི་ལྐོག་ངན་ཐལ་བའི་རྡུལ་དུ་བརླགས་ཡོད། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་མནའ་འབྲེལ་འཛུགས་པ་དང་སྲ་བརྟན་དུ་ གཏོང་བའམ་ཡང་ན་མཉམ་འབྲེལ་རྒྱལ་ཚོགས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ ལམ་ཇུས་འགོད་དང་མངོན་འགྱུར་ཡོང་བ་བྱེད་པ་གང་རུང་ཁྲོད་ཀྲུང་གོ་འདི་ཉིད་ཐོག་ མཐའ་བར་གསུམ་དུ་ཧུར་ཐག་ཞུགས་མཁན་དང་། གཏོད་མཁན། སྲུང་སྐྱོང་པ་བཅས་རེད། ཀྲུང་གོ་མི་དམངས་ལ་འཛམ་གླིང་ཞི་བདེར་དགའ་བའི་མི་དམངས་ཀྱི་བརྩི་འཇོག་དང་བླ་ ན་མ་མཆིས་པའི་མི་རིགས་ཀྱི་མཚན་སྙན་ཐོབ་པ་དང་། ཀྲུང་གོ་འདི་ཉིད་འགན་འཁུར་མཁན་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་ཐོག་ནས་འཛམ་ གླིང་གི་གར་སྟེགས་ཐོག་བསྐྱོད་ཡོད།

    “ལོ་རྒྱུས་ནི་སློབ་དེབ་ཡག་ཤོས་ཤིག་ཡིན་ལ་རིག་པ་དྭངས་གསལ་ཡོང་ཐབས་ཡག་ཤོས་ ཤིག་ཀྱང་རེད”དམག་འཁྲུག་གི་དཀའ་སྡུག་སྐྱི་གཡའ་བ་ཞིག་དང་དམག་འཁྲུག་གི་དྲན་ ཤེས་རྡོ་ལ་རི་མོ་བརྐོས་པ་ལྟར་ཡིན་པས་ཞི་བདེར་གཅེས་སྤྲས་དང་ཞི་བདེ་སྲུང་ སྐྱོང་བྱ་རྒྱུ་དེ་མིའི་རིགས་ཤེས་དཔལ་གྱི་སྤྱིའི་བགོ་གྲངས་ཆེ་ཤོས་ཤིག་ཏུ་ གྱུར་ཡོད་མོད། འོན་ཀྱང་ལོ་70ཡི་རྗེས་སུ་མི་ཉུང་ཤས་ཤིག་གིས་སྔར་བཞིན་ལོ་རྒྱུས་ཀྱི་དོན་ དངོས་སྣང་མེད་བཏང་ནས་བཙན་འཛུལ་གྱི་ལོ་རྒྱུས་ཁས་གཏན་ནས་མ་བླངས་པ་དང་ཐ་ན་ མཛེས་བཟོ་བྱེད་ཀྱི་ཡོད། ལོ་རྒྱུས་བརྗེད་ན་རྒྱབ་གཏོད་དང་འདྲ་ལ་ཉེས་འགན་ཁས་མ་བླངས་ན་ལམ་རྙིང་ལ་བསྐྱར་ ལོག་བྱེད་སྲིད། བྱ་ལོག་སྤྱོད་ལོག་དེ་དག་ནི་ལོ་རྒྱུས་ལ་མངོན་སུམ་འཛེམས་མེད་ངང་སྣང་ཆུང་དང་ རྒྱལ་སྤྱིའི་སྒྲིག་ལམ་ལ་མངོན་སུམ་འཛེམས་མེད་ངང་གཏོར་བཤིག་བཏང་བ་ཞིག་ཡིན་ལ་ ཞི་བདེའི་རླབས་རྒྱུན་ལ་མངོན་སུམ་འཛེམས་མེད་ངང་འགྲན་སློང་བྱས་པ་དེ་བས་རེད།

    ལོ་རྒྱུས་དུས་རབས་འགྱུར་ནས་ཉམས་མི་སྲིད་ལ། དོན་དངོས་ནི་སྨྲ་ལྕེ་བདེ་དྲགས་ནས་མེད་པར་འགྱུར་མི་སྲིད། ང་ཚོས་ལོ་རྒྱུས་བསྐྱར་དྲན་བྱེད་པ་ནི་དཀའ་སྡུག་དང་འཁོན་འཛིན་ལ་གཡེང་བ་ཞིག་ མིན་པར་ཞི་བདེ་ཡུན་གནས་དང་དྲང་བདེན་ཡུན་གནས་ཀྱི་ཆེད་དུ་ཡིན། ཀྲུང་གོས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་དྲན་གསོ་ཞུ་བའི་ཆེད་དོན་དམག་ གཟིགས་ཐོག་མར་གཉེར་བ་ནི་ལོ་རྒྱུས་ཡིད་ལ་བརྟན་པོར་ངེས་པ་དང་། སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ། ཞི་བདེར་གཅེས་འཛིན་བྱེད་པ། འབྱུང་འགྱུར་གཏོད་པ་བཅས་ཀྱི་རིན་ཐང་བརྒྱུད་སྤེལ་བྱེད་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་ཞི་བདེའི་ཐུན་མོང་གི་ངོས་འཛིན་ ཞིག་ཆགས་པ་བྱེད་ཆེད་ཡིན། ལོ་70ལྷག་ཙམ་གོང་གི་དྲང་བདེན་དམག་འཁྲུག་དེའི་ནང་ཞི་བདེ་དང་དྲང་བདེན་ལ་དགའ་ བའི་མི་རྣམས་ཀྱིས་དཔུང་གདང་སྦྲེལ་ནས་ལོ་རྒྱུས་ཡོད་པ་ནས་བཟུང་གི་ཆེས་མུན་ནག་ གི་གདུག་རྩུབ་སྟོབས་ཤུགས་ལ་མཉམ་དུ་འགོག་རྒོལ་བྱས་ཡོད། དེ་རིང་འཛམ་གླིང་རྒྱལ་ཁབ་ཁག་གིས་དེ་བས་ཀྱང་ལས་དབང་ཚོགས་སྤྱིའི་འདུ་ཤེས་ཆགས་ པར་བྱས་ཏེ་ཞི་བདེ་དང་། ཡར་ཐོན། གོང་འཕེལ་བཅས་ཀྱི་བརྗོད་དོན་གཙོ་བོ་དེ་མིའི་རིགས་ཐུན་མོང་ཐོག་འཚོ་གནས་བྱེད་ སའི་གོ་ལ་དེར་ཁྱབ་པ་བྱེད་དགོས།

    ལོ་70ཡི་གོང་དུ་ང་ཚོས་བསྐྱར་དར་གྱི་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་ཁ་ལོ་ བསྒྱུར་མཚམས་གཏན་འཁེལ་བྱས་ཡོད། ད་ཆ་བསྐྱར་དར་གྱི་ཕྱོགས་སུ་བསྐྱོད་པའི་རྒྱང་སྐྱོད་ལམ་བུའི་ཁྲོད་ང་ཚོས་རླབས་ ཆེན་དཔུང་སྐྱོད་གསར་པ་ཞིག་བྱེད་འགོ་ཚུགས་ཡོད། ཟུངས་ཁྲག་དང་ཚེ་སྲོག་གིས་བྲིས་པའི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ གི་ལོ་རྒྱུས་རླབས་ཆེན་ཡིད་ལ་བརྟན་པོར་ངེས་པ་དང་། ཀྲུང་གོ་མི་དམངས་ཀྱིས་མི་རིགས་རང་བཙན་དང་རང་དབང་སྲུང་སྐྱོང་དང་། མེས་རྒྱལ་གྱི་བདག་དབང་དང་ལ་རྒྱ་སྲུང་སྐྱོང་བྱེད་ཆེད་བྱས་རྗེས་རླབས་ཆེན་བཞག་ པ་ཡིད་ལ་བརྟན་པོར་ངེས་པ། ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་ རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་རླབས་ཆེན་ཕུལ་བ་ཡིད་ལ་བརྟན་པོར་ངེས་པ་བཅས་བྱས་ ཐོག་འགོག་རྒོལ་གྱི་དྲན་པ་བརྟན་སྲུང་དང་འགོག་རྒོལ་སྙིང་སྟོབས་དར་སྤེལ་བཏང་ན་ ང་ཚོས་ལོ་རྒྱུས་ཀྱི་དཔལ་འབར་ལ་བརྟེན་ནས་འབྱུང་འགྱུར་གྱི་ལམ་བུ་གསལ་བར་བྱེད་ ཐུབ་ངེས་དང་། བསྐྱར་དར་གྱི་ལམ་བུའི་ཐོག་རྒྱལ་ཁ་སྔར་བས་ཆེ་བ་དང་གཟི་འོད་སྔར་བས་མང་བ་ཐོབ་ ཐུབ་ངེས་རེད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་2ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།