དབུ་ཤོག>གསར་འགྱུར།
  • དམག་གཟིགས་མཛད་སྒོ་ནི་སྒྱུ་རྩལ་རང་བཞིན་གྱི་བྱེད་སྒོ་ཁོ་ན་མིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-03

    ཁ་སང་དང་དེ་རིང་།  ལོ་རྒྱུས་དང་དོན་དངོས་ནི་གཅིག་རྒྱུད་གཅིག་འཛིན་ཡིན་པས།   འདས་པའི་ལོ་ཟླར་སྟངས་འཛིན་དང་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་པ་ཞིག་འཛིན་ཐུབ་ཚེ།   ང་ཚོས་འཛམ་གླིང་ཕྱོགས་ལ་དེ་བས་ལེགས་པའི་ཀྲུང་གོ་ཞིག་མངོན་ཐུབ།  མ་གཞི་ད་ཆ་རང་རྒྱལ་ནི་ཆེས་མཛེས་སྡུག་ལྡན་པ་དང་ཆེས་འབྱོར་ཕྱུག་ལྡན་པ་ཞིག་ཡིན་ཡང་།   ང་ཚོས་འདས་ཟིན་པའི་ལོ་རྒྱུས་ནི་བརྗེད་མི་རུང་པར།  ངེས་པར་དུ་བློ་ལ་བརྟན་པོར་ངེས་དགོས།   རི་འགོག་དམག་འཁྲུག་གི་རྒྱལ་ཁའི་ཉིན་མོར་དམག་གཟིགས་ཀྱི་མཛད་སྒོ་སྤེལ་བ་དེས།    འཛམ་གླིང་ཕྱོགས་ལ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཀུན་སྤྱོད་དང་དམག་དཔུང་གི་རྣམ་པ།   དམག་སེམས་སོགས་མངོན་པར་བྱས་ཡོད་ལ།   དེ་བས་གལ་ཆེ་བ་ཞིག་ནི།   ང་ཚོར་ལོ་རྒྱུས་བློ་ལ་ངེས་དགོས་པ་དང་ཞི་བདེར་གཅེས་འཛིན་བྱེད་དགོས་པའི་བསླབ་བྱ་གནང་ཡོད།

    ཟླ་བ་དགུ་པའི་ཚེས་གསུམ་ཉིན་རྒྱལ་ཁའི་ཉིན་མོའི་དམག་གཟིགས་ཀྱི་གྲ་སྒྲིག་འཁྲབ་སྟོན་དེས།  ང་ཚོར་མེས་རྒྱལ་གྱི་མངའ་ཐང་སྟོབས་འབྱོར་མཐོང་ཐུབ་པ་དང་ཆབས་ཅིག   ང་ཚོའི་མི་རིགས་ཀྱི་ཡིད་ཆེས་དང་སྤོབས་སེམས་ཀྱི་བསམ་ཚུལ་དེ་བས་ཤུགས་ཆེར་ཕྱིན་ཡོད།  ལོ་ངོ་70རྗེས་ཀྱི་ཀྲུང་གོ་ནི་འདས་ཟིན་ལོ་ཟླ་དང་བསྡུར་ཐབས་མེད་ལ།   ཨེ་ཤེ་ཡ་ཤར་མའི་ཅོང་ཀྱེ་ཡང་མ་ཡིན་པར།   ཡ་གླིང་གི་གཙོ་གནས་དངོས་དེ་ཆགས་ཡོད།    བརྙས་བཅོས་མྱངས་པའི་ལོ་རྒྱུས་ཀྱིས་ང་ཚོར་བཞག་པའི་བསླབ་བྱ་སྟེ་“རྗེས་སུ་ལུས་ན་རྡུང་རྡེག་ཕོག་”ངེས་ཡིན་པ་དང་།    འོན་ཀྱང་དེང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཡིས་“འཕེལ་རྒྱས་གཏོང་རྒྱུ་ནི་དོན་དམ་པ་ཡིན་པ་”དེ་ར་སྤྲོད་ཐུབ་ཡོད།    

    ལོ་རྒྱུས་ཀྱི་དྲན་ཤེས་མེད་པའི་རྒྱལ་ཁབ་ནི་མདུན་ལམ་མེད་པ་དང་གཅིག་མཚུངས་ཡིན།    ལོ་རྒྱུས་ནི་ལོ་རྒྱུས་དང་དོན་དངོས་ནི་དོན་དངོས་རང་རེད།      སྐྱེ་བོ་གང་འདྲ་ཞིག་ཡིན་རུང་ལོ་རྒྱུས་དང་དོན་དངོས་གཉིས་ནི་བསྒྱུར་ཐབས་མེད་ལ།   སྐྱེ་བོ་སུ་ཞིག་ཡིན་རུང་ལོ་རྒྱུས་ཁས་མི་ལེན་པ་དང་འཁྱོག་བཤད་བྱེད་པ།   དེ་བཞིན་བཙན་འཛུལ་གྱི་ལོ་རྒྱུས་མཛེས་བཟོ་བྱེད་པ་སོགས་བྱེད་མི་རུང་སྟེ།   དེ་ལས་ལྡོག་སྟེ།   ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་།   ལོ་རྒྱུས་ཤེས་རྟོགས་ཡག་པོ་བྱས་ཚེ།   རྒྱལ་ཁབ་ཇི་འདྲ་ཞིག་ཡིན་རུང་གཞི་ནས་འཕེལ་རྒྱས་ལེགས་པོ་གཏོང་ཐུབ།    མིའི་རིགས་ཀྱི་ཉམས་མྱོང་ལས་ར་སྤྲོད་ཐུབ་གསལ།   དམག་འཁྲུག་གི་ནག་ཉེས་དེ་གསང་ཐབས་བྱས་ཚེ་དེ་བས་མངོན་གསལ་དོད་དུ་འགྲོ་གི་ཡོད་པ་དང་།     ལོ་རྒྱུས་ཀྱི་ཟིན་ཐོ་དེར་རྒྱན་ཆེན་པོ་ཞིག་སྤྲད་ཚེ་དེ་ཙམ་གྱིས་མཐོང་སྣང་མི་འདོད་དུ་གྱུར།     ཉེ་བའི་ལོ་ཤས་རིང་།    རི་པིན་དམག་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་དེ་ཡང་བསྐྱར་སྨྱོ་ཧམ་ཆེ་རུ་ཕྱིན་ཏེ།   ཀྲུང་གོའི་ས་ཆ་ཏེའོ་ཡུས་གླིང་ཕྲན་དེ་རྒྱལ་ཁབ་ལ་དབང་ལ་བཟོ་རྩིས་བྱས་པ་མ་ཟད།   ད་དུང་ལོ་རྒྱུས་ཁས་མི་ལེན་པ་དང་།   ཀྲུང་གོ་དང་ཨེ་ཤི་ཡའི་མི་དམངས་རྣམས་ལ་བཙན་འཛུལ་བྱས་པ་ཁས་མི་ལེན་པ་བྱེད་ཀྱི་ཡོད།  ཡིན་ནའང་དམག་གཟིགས་མཛད་སྒོ་ནི་རི་པིན་གྱི་སྨྱོ་ཧམ་ཅན་གྱི་ལྐོག་གཡོ་དེ་དག་འགོག་རྒྱུའི་ཐབས་ཤེས་ཡག་ཤོས་ཤིག་རེད།     དེས་ཀྲུང་གོའི་དམག་དོན་སྟོབས་ཤུགས་མངོན་པ་དང་།    ཀྲུང་གོའི་རྣམ་པ་དང་ཆོད་སེམས་དེ་ཡང་མངོན་གྱི་ཡོད།   

    ཁྲག་དྲོན་ལ་བརྟེན་ནས་གཏོད་པའི་མི་རིགས་ཀྱི་ལོ་རྒྱུས་དེར་དོན་སྙིང་གལ་ཆེན་ལྡན་ཡོད།  ཟླ་9ཚེས་3ཉིན་གྱི་རྒྱལ་ཁའི་ཉིན་མོར་དམག་གཟིགས་ཆེན་པོ་འཁྲབ་སྟོན་བྱས་པ་ལས་ང་ཚོར་རྒྱལ་ཁབ་ཀྱི་མཚན་ཤས་མི་བརྗེད་པ་དང་ཀྲུང་ཧྭ་དར་རྒྱས་གཏོང་དགོས་ལུགས་དང་།   ཡ་ང་བའི་ལོ་རྒྱུས་སླར་ཡང་ཐོན་དུ་མི་འཇུག་པ་བསྟན་ནས་ང་ཚོས་དུས་རྟག་ཏུ་སྔོན་བཤེགས་དཔའ་བོར་རྗེས་དྲན་བྱ་རྒྱུ་ཡིད་ལ་འཇོག

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།