དབུ་ཤོག>གསར་འགྱུར།
  • “2015ལོའི་སྐབས་དང་པོའི་ལྷ་སའི་ཚོང་ཟོག་ཇུས་འགོད་འགྲན་བསྡུར་ཆེ་མོ”སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-02

    ■ གླེང་གཞི།

    ཚོང་ཟོག་གི་ཐུམ་སྒྲིལ་ནི་ངོ་གདོང་ལྟ་བུ་རེད། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་ཡུལ་སྐོར་དཔལ་འབྱོར་བྱ་འཕུར་བ་ལྟར་གོང་འཕེལ་བྱུང་བ་དང་ཡུལ་སྐོར་ཚོང་ཟོག་དང་ཐོན་རྫས་ཇུས་འགོད་ལ་ཡང་རིམ་བཞིན་མཐོང་ཆེན་བྱེད་བཞིན་ཡོད།

    ཡུལ་སྐོར་ལས་རིགས་ནི་རང་ལྗོངས་ཀྱི་དཔལ་འབྱོར་གྱི་ཀ་རྟེན་ཐོན་ལས་ཤིག་ཡིན་ཞིང་། ཇི་ལྟར་བྱས་ཏེ་ཡུལ་སྐོར་ཐོན་ཟོག་ཇུས་འགོད་ཀྱི་ལྷུ་ཚིགས་གལ་ཆེན་ལ་རྩེ་གྲ་སྔར་བས་མང་བ་བཏོད་དེ་ཡུལ་ཟོག་དང་ཆར་པ་ཆུ་གྲོགས་ལྟ་བུ་དངོས་འབྲེལ་ཐུབ་པ་བྱས་ནས། ཚོང་ཟོག་གི་རིན་ཐང་སྔར་བས་ཆེ་ར་བཏང་བར་འབྲེལ་ཡོད་སྡེ་ཚན་དང་ལས་རིགས་གཅིག་པའི་མི་སྣས་ཡུན་རིང་དོ་ཁུར་བྱེད་རིན་ཡོད།

    མིག་སྔར་ལྗོངས་ཡོངས་སུ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་བའི་རྟེན་འབྲེལ་ཆེ་མོའི་མཛད་སྒོ་དང་བོད་ཀྱི་དངོས་མང་སྟོན་ཚོགས་སྐབས་གཉིས་པ་བསུ་རྒྱུ་རེད། འདི་ག་ཚགས་པར་གྱི་གསར་འགོད་པས་མི་རིང་བའི་གོང་སྤེལ་བའི“2015ལོའི་ལྷ་སའི་ཡུལ་སྐོར་ཚོང་ཟོག་ཇུས་འགོད་ཀྱི་འགྲན་བསྡུར་ཆེ་མོ་སྐབས་དང་པོ”དང་ཟུང་འབྲེལ་བྱས་ནས་འབྲེལ་ཡོད་སྡེ་ཚན་དང་ཆེད་ལས་མི་སྣར་བཅར་འདྲི་ཞུས་ཏེ་རང་ལྗོངས་ཀྱི་མིག་སྔའི་ཡུལ་སྐོར་ཚོང་ཟོག་ཇུས་འགོད་དང་ཁྱོན་ཡོངས་འཕེལ་རྒྱས་ཆུ་ཚད་ལ་གསེད་བཀྲོལ་བྱས་པ་ཡིན།

    རང་བྱུང་ཁམས་ཀྱི་སྔོ་ལྗང་རྨང་གཞིར་བྱེད་པ་དང་། བོད་ཡིག་གི་ཡིག་གཟུགས་སྒྱུ་རྩལ་མཛེས་འཆོས་སུ་བྱེད་པ། 2015ལོའི་བོད་ཤིང་ལུག་ལོ་མངོན་གསལ་དོད་པོ་ཡོང་བ་བྱས་པའི་བོད་རང་གི་ཁེ་ལས་ཀྱིས་ཁྱབ་གདལ་བཏང་བ་དང་ལུག་གཙོ་བོར་བྱས་པའི་ཚོང་ཟོག་མིག་སྔར“2015ལོའི་ལྷ་སའི་ཚོང་ཟོག་ཇུས་འགོད་འགྲན་བསྡུར་ཆེ་མོ་སྐབས་དང་པོའི”འགྲན་ཞུགས་བརྩམས་ཆོས་སུ་གྱུར་པ་རེད།

    དོ་སྣང་བྱ་ཡུལ་དང་པོ།

    སྨྱན་སྦྱོར་ཡོངས་ཀྱི་ཚོང་གཉེར་ལས“སྐུལ་སློང་ཆེན་པོ”བྱུང་བ།

    ལྷ་སའི་ཡུལ་སྐོར་ཚོང་ཟོག་གི་ཇུས་འགོད་འགྲན་བསྡུར་ཆེ་མོའི་གཞུང་ཕྱོགས་ཀྱི་དྲ་རྒྱ་ཁ་འབྱེད་སྐབས། ཅ་དངོས་རིགས་དང་ཇུས་འགོད་རིགས་ཀྱི་བརྩམས་ཆོས་བལྟས་པ་ཙམ་གྱིས་ཤེས་ཐུབ། བསྡུ་རུབ་བྱས་པའི་བརྩམས་ཆོས་གནས་ཚུལ་ལ་བལྟས་ན་ཅ་དངོས་རིགས་སུ་མལ་གྲོ་གུང་དཀར་རྫོང་གདོང་དཀར་བོད་བཟོའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་རྫས་དང་། མལ་གྲོ་གུང་དཀར་རྫོང་དག་པ་རྫ་ཆས། ཉི་མ་ལྕང་ར་ཤང་སྤང་མདའ་གྲོང་ཚོའི་སྲོལ་རྒྱུན་བོད་ལྷམ་སོགས་ཡོད་པ་དང་། ཇུས་འགོད་རིགས་སུ་བོད་ཀྱི་ཁྱད་ལྡན་ལྒང་བཞུ་དང་བོད་བཟོའི་རྒྱལ་སྒོ་སོགས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་འགྲན་བསྡུར་ཆེ་མོ་འདི་སྨྱན་སྦྱོར་གྱི་གཉེར་ཚོང་རྣམ་པའི་བྱེད་ཐབས་སྤྱད་དེ་ལྗོངས་ཕྱི་ནང་གི་སྲོལ་རྒྱུན་སྨྱན་སྦྱོར་ལ་བརྟེན་ནས་དྲིལ་བསྒྲགས་སྤེལ་གཏོང་ཕུད། ད་དུང་ཆེད་མངགས“བོད་དུ་ཅི་དགར་རོལ”ཞེས་པའི་དྲ་ཚུགས་དང་། APP དཔོད་ཆུང་སོགས་སྨྱན་སྦྱོར་གསར་པར་བརྟེན་ནས་དྲ་རྒྱའི་ཐོག་འདེམས་ཤོག་འཕེན་པའི་རྣམ་པའི་ཐོག་ནས་དྲ་གྲོགས་ཞུགས་རྒྱུའི་ཡིད་དབང་བཀུག་པ་མ་ཟད། སླད་ཕྱིན་གྱི་ཁྲོམ་རའི་ཁྱབ་གདལ་ལ་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད་པ་རེད།

    དོ་སྣང་བྱ་ཡུལ་གཉིས་པ།

    ཚོང་ཟོག་ཇུས་འགོད་ལ་ལྷ་སའི་ཁྱད་ཆོས་མངོན་གསལ་དོད་པ།

    ཡུལ་སྐོར་བས་ཉོས་པའི་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་དྲན་གསོའི་དངོས་པོ་ཡུལ་སྐོར་ཚོང་ཟོག་ནི་རིག་གནས་དང་། ཉར་ཚགས། དངོས་སྤྱོད་སོགས་གཅིག་ཏུ་སྡུད་པའི་གཞི་རྟེན་ཞིག་རེད། ལྷ་ས་ནི་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཞིག་རེད། ཡུལ་སྐོར་ཚོང་ཟོག་གི་འགྲན་བསྡུར་ཆེ་མོ་ལས་ལྷ་སའི་ཁྱད་ཆོས་དང་ས་ཁོངས་ཀྱི་གྲོང་ཁྱེར་གྱི་ཁྱད་ཆོས་ཇི་ལྟར་མངོན་པར་བྱ་རྒྱུ་ནི་གཙོ་གཉེར་བྱེད་མཁན་ལ་འཕྲད་པའི་གནད་དོན་ཞིག་རེད།

    “ལྷ་སའི་ལག་བདེ་བ”འགྲན་བསྡུར་ཆེ་མོའི་བརྗོད་བྱར་རྐོ་དཀྲོལ་དང་། འཁེལ་འཐག ཚོན་རིས། རྫ་ཆས། ལག་ཤེས་བཟོ་རྩལ། ཡུལ་ཟོག་སོགས་ལ་ལྷ་སའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཚོང་ཟོག་ཟམ་མི་ཆད་པར་ཐོན་ཏེ། ལྷ་སའི་ཁྱད་ཆོས་ཀྱི་སྤྱི་ཁོག་སྔར་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།

    དོ་སྣང་བྱ་ཡུལ་གསུམ་པ།

    ཚོང་ཟོག་དང་ཡུལ་སྐོར་མཉམ་འདྲེས་ཀྱི་རྣམ་པ་གསར་པ་མངོན་པ།

    མིག་སྔར་བོད་དུ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་བའི་རྟེན་འབྲེལ་ཆེ་མོ་དང་བོད་ཀྱི་དངོས་མང་སྟོན་ཚོགས་སྐབས་གཉིས་པ་བསུ་རྒྱུ་རེད། “2015ལོའི་ལྷ་སའི་ཡུལ་སྐོར་ཚོང་ཟོག་ཇུས་འགོད་འགྲན་བསྡུར་ཆེ་མོ་སྐབས་དང་པོར”བྱ་དགའ་ཐོབ་པའི་བརྩམས་ཆོས་གོ་སྐབས་གལ་ཆེན་དེ་དག་དང་ལོ་རྒྱུས་ཀྱི་དུས་སྐབས་དེ་དག་སྤྱད་དེ་ཚོང་ཟོག་དང་ཡུལ་སྐོར་ལ་གཉིས་ཁེ་གཉིས་ཕན་སྔར་བས་ཆེ་བ་ཡོང་བ་བྱས་པ་རེད།

    མཱ་ཅན་གྱིས་ཕྱི་ཕྱོགས་དང་རང་སའི་ཁེ་ལས་ཀྱིས་ཐབས་བརྒྱ་ཇུས་སྟོང་ངང་ཡུལ་སྐོར་ཚོང་ཟོག་ལ་མ་རྩ་གཏོང་རྩིས་བྱས་ཀྱང་རྣམ་གྲངས་འཚམ་པོ་ཞིག་རྙེད་ཐུབ་ཀྱི་མེད། ཡུལ་སྐོར་ཚོང་ཟོག་གི་ཇུས་འགོད་ཆེ་མོའི་འགྲན་བསྡུར་བརྒྱུད། ཁྱབ་གདལ་བཏང་བའི་བརྩམས་ཆོས་ཚང་མར་ཁྲོམ་རའི་རྨང་གཞི་ཡོད། སྲིད་གཞུང་གིས་ཁེ་ལས་དང་ཚོང་ཟོག་དབར་མཚམས་སྦྱར་ནས་ཡུལ་སྐོར་ཚོང་ཟོག་གི་ཐོན་ལས་ལ་མུན་འཐོམས་མ་འཇོག་དང་ཆུ་ཚད་དམའ་བའི་འཛུགས་སྐྲུན་བྱེད་པ་ལས་གཡོལ་ཡོད་ཅེས་བཤད་པ་རེད།

    ཁྲོམ་རའི་དབྱེ་ཞིབ་ལས་མངོན་པ་ལྟར་ན། ལྷ་ས་གྲོང་ཁྱེར་དུ་མིག་སྔར་ཡུལ་སྐོར་ཚོང་ཟོག་སྣ་ཁ་1000ལྷག་ཙམ་ཡོད་པ་དང་། ཚོང་ཟོག་ཁག་གཅིག་བཟོ་བར་མ་གནས་དམའ་བ་དང་བཟོ་རྩལ་སྤུས་ཚད་ཞན་པ་སོགས་ཀྱི་གནད་དོན་ལྷག་ཡོད། ད་ཐེངས་ཀྱི་ཡུལ་སྐོར་ཚོང་ཟོག་ཇུས་འགོད་ཀྱི་འགྲན་བསྡུར་ཆེ་མོ་བརྒྱུད། ལྷ་སའི་ཡུལ་སྐོར་ཚོང་ཟོག་གི་སྤུས་རྟགས་དང་ནང་དོན་ལེགས་སུ་འགྲོ་རྒྱུར་ཕན་ཐོགས་ཡོད་ལ། ལྷ་སའི་ཡུལ་སྐོར་ཚོང་ཟོག་གྲོང་ཁྱེར་གྱི་གནས་གཏན་འཁེལ་དང་སྙོམས་སྒྲིག་འཕེལ་རྒྱས་ལ་ཕན་པ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།