དབུ་ཤོག>གསར་འགྱུར།
  • ཡུལ་སྐོར་ཚོང་ཟོག་ལ་བརྟེན་ནས་ཐོན་ལས་གོང་འཕེལ་ལ་རོགས་རམ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ལེའོ་ཡུན་ལུའུ་ཡིས།   |     སྤེལ་དུས།  2015-09-02

    སྤྱི་ཚོགས་ཟམ་མི་ཆད་པར་གོང་འཕེལ་འགྲོ་བ་དང་བསྟུན། “ཟ་སྡོད་འགྲོ་གསུམ་དང་། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད”བཅས་ཡུལ་སྐོར་གྱི་གནད་ཆེའི་རྒྱུ་རྐྱེན་གཙོ་བོ་ཆེ་གྲས་དྲུག་ལས་ཡུལ་སྐོར་ཐོན་ཟོག་གིས་བཟུང་བའི་བསྡུར་ཚད་དེ་སྔར་བས་ཆེ་རུ་ཕྱིན་ཡོད། ལྷ་སའི་ཡུལ་སྐོར་ཚོང་ཟོག་ཇུས་འགོད་འགྲན་བསྡུར་ཆེ་མོ་སྐབས་དང་པོ་གཉེར་བ་དེས། ཡུལ་སྐོར་དང་ཐོན་ཟོག་ཟུང་འབྲེལ་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཤུགས་ཆེན་བཏང་སྟེ། བོད་འདི་ཉིད་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་དུ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད།

    དུས་ཡུན་རིང་པོར་ལྷ་སའི་ཁྲོམ་རའི་ཡུལ་སྐོར་ཚོང་ཟོག་ཆ་མི་མཉམ་པ་དང་། སྣ་ཁ་ཉུང་བ། གསར་གཏོད་རང་བཞིན་ཆེན་པོ་མེད་པ། ཚོང་ཟོག་ཁག་གཅིག་ཀྲེ་ཅང་དབྱི་ཝུའུ་སོགས་ས་གནས་ཀྱི་འདྲ་བཟོས་དངོས་རྫས་རེད། མཚོན་བྱེད་རང་བཞིན་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་བའི་ཚོང་ཟོག་གི་གྲངས་ཚད་སྔར་བས་ཉུང་ཉུང་རེད།

    སྐབས་དང་པོའི་ལྷ་སའི་ཡུལ་སྐོར་ཚོང་ཟོག་ཇུས་འགོད་འགྲན་བསྡུར་ཆེ་མོ་ལས་སྣང་ཚུལ་དེར་འགྱུར་ལྡོག་གཏོང་བའི་གོ་སྐབས་བྱུང་ཞིང་། སྨྱུག་འཛིན་པས་གཙོ་གཉེར་ཕྱོགས་ཀྱིས་ནང་སའི་ཚོང་གཉེར་དུས་ཡུན་རིང་བ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་བའི་ཚོང་ཟོག་ཇུས་འགོད་འགྲན་བསྡུར་ཆེ་མོར་དཔྱད་གཞི་བྱས་ནས་སློབ་སྦྱོང་བྱ་རྒྱུའི་ངོས་འཛིན་བྱེད་ཀྱི་ཡོད།

    དང་པོ། ཚོང་ཟོག་ཇུས་འགོད་འགྲན་བསྡུར་ཆེ་མོས“འཐུ་མཁན་མང་ན་བུད་ཤིང་མང་བའི”ལེགས་ཆ་འདོན་སྤེལ་བྱས་ནས། ལོ་ལྟར་ཡུལ་སྐོར་ཐོན་ཟོག་གསར་པ་གང་ཡག་སྣ་ཁ་ལྔ་ནས་བཅུ་བར་ཁྱབ་གདལ་ཐུབ་པའི་བརྩོན་ལེན་བྱེད་དགོས། ཚོང་ཟོག་བཟོ་མཁན་དང་ཇུས་འགོད་མཁན་གྱིས་འཛད་སྤྱོད་པའི་དགོས་མཁོར་བསྟུན་ནས་ཡུལ་སྐོར་ཚོང་ཟོག་གི་སྣ་ཁ་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་དགོས། དཔེར་ན། རྐང་ཐང་མར་སྐྱོད་པ་དང་རི་འཛེག་བྱེད་སྒོར་དམིགས་ཏེ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གུར་དང་ལག་ཁྱེར་གློག་ཞུ་སོགས་ཕྱི་རོལ་དུ་སྤྱོད་པའི་ཡུལ་སྐོར་ཐོན་ཟོག་ཁག་གཅིག་གསར་སྤེལ་བྱེད་ཆོག

    གཉིས་པ། ས་གནས་ཀྱི་ཁྱད་ཆོས་ནི་ཡུལ་སྐོར་ཚོང་ཟོག་གི་བླ་སྲོག་ལྟ་བུ་ཡིན་པས། ལྷ་སའི་ཡུལ་སྐོར་ཚོང་ཟོག་རྩེ་གྲ་གཏོད་རྒྱུར་ཤུགས་སྣོན་རྒྱག་དགོས། རྩེ་གྲ་ཡིན་ན་རིན་གོང་མཐོ་པོ་ཡིན་པ་མཚོན་གྱི་མེད་པར། ད་ཆའི་ཁྲོམ་རའི་ཉ་ཉུང་མཉམ་བསྲེས་ཀྱི་སྣང་ཚུལ་ལ་འགྱུར་ལྡོག་གཏོང་དགོས། ཚོང་ཟོག་ཇུས་འགོད་འགྲན་བསྡུར་ཆེ་མོ་བརྒྱུད་ས་གནས་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་ལག་ཤེས་བཟོ་རྩལ་གྱི་ཐོན་ཟོག་དང་དྲན་གསོའི་དངོས་པོ་རྩེ་གྲ་ཁག་གཅིག་སྔོག་འདོན་བྱས་ནས། འཛད་སྤྱོད་མི་འདྲ་བར་དམིགས་ཏེ་རིམ་པ་རབ་འབྲིང་ཐ་གསུམ་གྱི་ཁྱད་ལྡན་ཐོན་ཟོག་བཟོས་ཏེ། ཡུལ་སྐོར་བར་ཡུལ་སྐོར་ཚོང་ཟོག་ཚང་མའི་ཁྲོད་ནས་རང་ངོས་ཀྱི་མིག་ནང་གི་ལྷ་ས་མཐོང་ཐུབ་པ་བྱེད་དགོས།

    གསུམ་པ། ཚོང་ཟོག་ཇུས་འགོད་འགྲན་བསྡུར་ཆེ་མོས་སྦྲེལ་ཟམ་དང་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ལོ་ལྟར་ལྷ་སའི་ཞོ་སྟོན་དང་བོད་ཀྱི་དངོས་མང་སྟོན་ཚོགས་སོགས་ནི་རྒྱ་ཆེའི་གྲོང་མི་དང་། ཡུལ་སྐོར་བ། ཚོང་པ་བཅས་ཀྱིས་དོ་སྣང་བྱ་ཡུལ་ཞིག་རེད། ཚོང་ཟོག་ཇུས་འགོད་འགྲན་བསྡུར་ཆེ་མོས་ལས་སྟེགས་དེ་དག་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱས་ནས་ཁྱད་ལྡན་གྱི་ཡུལ་སྐོར་ཐོན་ཟོག་འགྲེམས་སྟོན་དང་། ཡུལ་སྐོར་ཚོང་ཟོག་འོས་སྦྱོར། དེ་བཞིན་འབྲེལ་ཡོད་མཉམ་ལས་ཀྱི་གན་རྒྱ་འཇོག་པ་སོགས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་ནས་ཡུལ་དངོས་སུ་འཚོང་བ་དང་དམངས་ཕན་བྲིན་སྐུལ་སོགས་བྱ་ཐབས་བརྒྱུད་དེ་ཡུལ་སྐོར་དང་ཚོང་ཟོག་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་ནས་འགྲེམས་ཞུགས་ཚོང་པ་དང་། ཉོ་སྒྲུབ་ཚོང་པ། ཐོན་སྐྱེད་ཁེ་ལས། གྲོང་མི། ཡུལ་སྐོར་བ་སོགས་ཕྱོགས་ཁག་གི་དགོས་མཁོ་སྐོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།