དབུ་ཤོག>གསར་འགྱུར།
  • ལྷ་སའི་ཚོང་ཟོག་ཇུས་འགོད་འགྲན་བསྡུར་ཆེ་མོའི་ཟུར་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-02

    ལོ་26ལ་སླེབས་པའི་ལྷག་པ་ཚེ་རིང་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་ཇུས་འགོད་ཚན་ཁག་གི་སློབ་མ་ཡིན་དུས་ནས་ཁོང་ལ་བསམ་འདུན་ཞིག་ཡོད་པ་སྟེ། འབྱུང་འགྱུར་སྤུས་རྟགས་ཤིག་གསར་གཏོད་བྱས་ནས་རང་ཉིད་ཀྱི་བསམ་བློ་དེ་དངོས་ཡོད་དུ་འགྱུར་བ་དང་བོད་མི་རིགས་ཀྱི་རིག་གནས་མི་དེ་བས་མང་བ་ཞིག་གིས་ཤེས་པ་བྱ་རྒྱུ་དེ་རེད།

    “2005ལྷ་སའི་ཚོང་ཟོག་ཇུས་འགོད་འགྲན་བསྡུར་ཆེ་མོ་སྐབས་དང་པོར”ལྷག་པ་ཚེ་རིང་གི་བརྩམས་ཆོས་ནི“ཐང་སྟོང་རྒྱལ་པོའི་ཐུགས་འདུན”ཞེས་པའི་འོག་འཇུག་ཅིག་རེད། འོག་འཇུག་དེར་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག“ལྷ་མོའི་འབག”སོགས་ཀྱི་དཔེ་རིས་ཀྱིས་བརྒྱན་ཡོད། མི་རིགས་རིག་གནས་དང་རྒྱུན་གཏན་གྱི་འཚོ་བ་ཟུང་དུ་འབྲེལ་བའི་བསམ་བློ་གསར་པ་དེ་ཁོང་སློབ་ཆེན་འགྲིམ་སྐབས་འཁོར་བ་ཞིག་རེད། ལྷག་པ་ཚེ་རིང་གིས“སྐབས་དེར་ངས་ནང་སའི་སློབ་གྲོགས་དང་ཡུལ་སྐོར་བ་ཁག་གཅིག་གི་གྱོན་ཆས་ལ་སོ་སོའི་ས་གནས་ཀྱི་ཁྱད་ཆོས་ལྡན་པ་མཐོང་བྱུང་། འོན་ཏེ་དེ་བོད་ལ་མེད”ཅེས་བཤད་པ་དང་། དེ་རྗེས་ཁོང་གིས་གློག་ཀླད་ཐོག་བོད་ཡིག་བྲིས་པའི་འོག་འཇུག་ཁག་10བཟོས་པ་དེ་དག་མིག་ལ་མཛེས་པོ་ཡོད་པ་རེད།

    འོན་ཏེ་ལྷག་པ་ཚེ་རིང་གི་མིག་ལམ་དུ་བོད་ཡིག་གིས་བོད་ཀྱི་ཚབ་བྱེད་ཐུབ་མོད། འོན་ཀྱང་མཐོང་སྣང་སྔར་བས་མཛེས་པོ་ཡོང་ཆེད། ཁོང་གིས་བོད་ཀྱི་ཁྱད་ཆོས་དེ་བས་མང་བ་ཞིག་འོག་འཇུག་སྟེང་མངོན་རྒྱུའི་ཚོད་ལྟ་བྱེད་འགོ་ཚུགས། མཐར་ཁོང་གིས་ལྷ་མོའི་འབག་གཙོ་བོར་བྱས་པའི་དཔེ་རིས་བདམས་པ་དང་ཐང་སྟོང་རྒྱལ་པོ་ནི་ལྷ་མོའི་སྲོལ་གཏོད་པ་ཡིན་པས། “ཐང་སྟོང་རྒྱལ་པོའི་ཐུགས་འདུན”ཞེས་པའི་འོག་འཇུག་དེ་ལྟར་བྱུང་བ་རེད།

    ད་རེས་ཚོང་ཟོག་ཇུས་འགོད་འགྲན་བསྡུར་ཆེ་མོ་ལ་མ་ཞུགས་གོང་ལྷག་པ་ཚེ་རིང་གིས་ཀོང་ཀྲོའུ་གི་ཀུང་སི་ཞིག་ནས་འོག་འཇུག་བརྒྱ་བཟོས་པ་དང་། ད་ལྟ་ཚང་མ་བྲིན་ཟིན། ལྷག་པ་ཚེ་རིང་གིས“ངས་ཇུས་འགོད་བྱས་པའི་འོག་འཇུག་དེ་གཞན་གྱིས་འདྲ་བཟོ་བྱེད་པའི་སེམས་ཁྲལ་ཆེན་པོ་འདུག ད་རེས་འགྲན་བསྡུར་ལ་ཞུགས་པ་བརྒྱུད། འབྲེལ་ཡོད་ཤེས་བྱའི་བདག་དབང་གི་སྲུང་སྐྱོང་ཐོབ་པ་དང་ངའི་ཐོན་རྫས་ལ་མ་དངུལ་གཏོང་མཁན་ཁེ་ལས་རག་པའི་རེ་བ་ཡོད”ཅེས་བཤད།

    ལྷག་པ་ཚེ་རིང་གི་སེམས་ཁྲལ་དང་མི་འདྲ་བར་ཚེ་རིང་སྒྲོལ་མས་འདི་ལོའི་ཟླ་5པར་ཁོང་གི་བརྩམས་ཆོས“རང་འགུལ་ཅན་གྱི་ཉི་གདུགས”ལ་ཆར་གདུགས་དང་ལག་ཤེས་བཟོ་རྩལ་སོགས་ཀྱི་ཚོང་རྟགས་རིགས་4རེ་ཞུ་བྱས་པ་དང་། ཁོང་གིས་ད་དུང་བོད་ཀྱི་ཁྱད་ཆོས་ལྡན་པའི་ཚོང་ཟོག་བཟོ་མཁན་ཀུང་སི་ཞིག་ཀྱང་བཙུགས་པ་རེད།

    ཚེ་རིང་སྒྲོལ་མ་ནི་ཡུན་ནན་གྱི་བོད་རིགས་ཡིན་པ་དང་ཡུན་ནན་དང་པེ་ཅིང་དུ་བོད་ཀྱི་ཡུལ་སྐོར་དྲིལ་བསྒྲགས་ཀྱི་ཉམས་མྱོང་ཡོད་པ་མ་ཟད། ལྷ་སའི་ཁྲོམ་རའི་ཡུལ་སྐོར་ཚོང་ཟོག་ལ་རྒྱུས་མངའ་ཆེ་ཙམ་ཡོད། ལྷ་སར“ཉི་འོད་གྲོང་ཁྱེར”ཞེས་པའི་མཚན་སྙན་ཡོད་པ་དང་སྨུག་ཕྱིའི་འོད་ཟེར་ཆེ་བར་བརྟེན་ཁོང་གིས་བོད་ཀྱི་དཀྱིལ་འཁོར་སྒྱུ་རྩལ་གྱི་དཔེ་རིས་ཡོད་པའི་ཉི་གདུཌ་ཤིག་ཇུས་འགོད་བྱས་པ་དེར་ཉེར་སྤྱོད་རང་བཞིན་ཆེ་བ་མ་ཟད། ཉི་གདུགས་ཀྱི་སྐོར་སྐྱོད་རང་བཞིན་དང་ཁྱད་ཆོས་ལས་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ས་གནས་དེ་བས་རྒྱ་ཆེ་བར་མངོན་ཐུབ་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།