ད་ཕན་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་བསྟན་རྒྱས་གླིང་སྡེ་ཁུལ་གྱིས་འཕེལ་རྒྱས་དང་བརྟན་ལྷིང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ་དང་། ཐོག་མཐའ་བར་གསུམ་དུ་གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་རྒྱུ་དེ་ལས་དོན་གཙོ་བོར་བརྩིས་ནས་དམ་འཛིན་ནན་པོ་བྱེད་པ། གཞི་རིམ་ཞབས་ཞུ་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། རྒྱུན་ཆད་མེད་པར་ཞབས་ཞུའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཞབས་ཞུའི་དཔུང་ཁག་སྟོབས་ཆེར་གཏོང་བ། ཞབས་ཞུའི་གཞི་རྟེན་གསར་གཏོད་བཅས་བྱས་ནས་སྡེ་ཁུལ་གྱི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་ཡོད།
བསམ་ཕྱོགས་གསལ་བཟོ་དང་ལམ་སྲོལ་དམ་འཛིན་བྱས་ནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་བ།
སྡེ་ཁུལ་ཏང་ཀྲི་པུས“ཏང་རྩ་འཛུགས་ཀྱི་ནུས་པ་སྔར་བས་མངོན་གསལ་དོད་པ་དང་། སྡེ་ཁུལ་དོ་དམ་སྔར་བས་ནུས་ལྡན། སྡེ་ཁུལ་ཞབས་ཞུ་སྔར་བས་ནུས་ཆེ། གྲོང་ཁྱེར་རྨང་གཞི་སྔར་བས་བརྟན་པ”བཅས་སྡེ་ཁུལ་ཏང་འཛུགས་སྐྱོང་གི་སྤྱིའི་དམིགས་ཚད་ལ་གཏན་འཁེལ་བྱས་པ་དང་འབྲེལ་ཏང་ཡོན་ལས་བྱེད་པས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ལམ་ལུགས་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དཔྱད་ཞིབ་ལམ་སྲོལ་སོགས་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས“དོན་དམངས་ཀྱིས་གྲོས་བསྡུར་དང་། དབང་ཆ་དམངས་ཀྱིས་སྤྱོད་པ། འགན་འཁྲི་མཉམ་དུ་འཁུར་བ། ལས་རྗེས་ལ་དམངས་ཀྱིས་གདེང་འཇོག་བྱེད་པ”བཅས་ཀྱི་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ལམ་སྲོལ་ཆགས་པ་བྱས་ཡོད།
2014ལོར“ཏང་ཡོན་ལས་བྱེད་པའི་ཆ་སྒྲིག་གཉེན་འཚོལ་གྲོགས་སྒྲིག”གི་བྱེད་སྒོ་སྤེལ་རིང་སྡེ་ཁུལ་དེ་ཡོངས་ཀྱི་ཏང་ཡོན་28དང་དབུལ་པོའི་དུད་ཚང་དབར་རོགས་སྐྱོར་ཆ་སྒྲིག་11ཆགས་པ་དང་། ལོ་1གི་ནང་འཕེལ་རྒྱས་ཆ་འཕྲིན་དང་ཕྱུག་འགྱུར་རྣམ་གྲངས་མཁོ་འདོན་བྱས་ནས་མ་དངུལ་དཀོན་པའི་གནད་དོན་ཐག་གཅོད་བྱས་པ་སོགས་དབུལ་པོའི་དུད་ཚང་ལ་བྱ་བ་དངོས་23བསྒྲུབས་ཡོད། འདི་ལོ་ཚུན་དུ་སྡེ་ཁུལ་གྱིས“ཡུལ་མིས་གནད་དོན་འདོན་པ་དང་། སྡེ་ཁུལ་གྱིས་གནད་དོན་དང་ལེན་བྱེད་པ། ཏང་ཡོན་གྱིས་གནད་དོན་ཐག་གཅོད”བཅས་ཀྱི་བྱེད་ཐབས་སྤྱད་ནས་ཐོ་འགོད་བྱས་པའི་ལས་གནས་ཐོག་གི་ཏང་ཡོན་སྒྲིག་འཛུགས་ཧུར་ཐག་བྱས་ནས་ཡུལ་མིར་ཞབས་འདེགས་ཞུ་བའི་བྱེད་སྒོ་སྤེལ་བ་དང་མིག་སྔའི་བར་ཡུལ་མིས་གནད་དོན་འདོན་པའི“རེ་བ་ཆུང་ངུ”60ལྷག་ཙམ་དེ་དག་ལས་ཐོག་ཏང་ཡོན་20ནས་སྡེ་ཁུལ་གྱིས་གནད་དོན་དང་ལེན་བྱས་ནས་ཡུལ་མིའི“རེ་བ་ཆུང་ངུ”30ལྷག་ཙམ་ཐག་གཅོད་བྱས་ཡོད།
སློབ་གསོར་དམ་འཛིན་དང་དཔྱད་བསྡུར་བྱས་ནས་ཞབས་ཞུའི་དཔུང་ཁག་སྟོབས་ཆེར་བཏང་བ།
བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་ལེགས་པ་དང་། སྲིད་ཇུས་ལག་ལེན་བསྟར་བའི་ནུས་པ་ཆེ་བ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཆེ་བ། རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཆེ་བ། མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ནུས་པ་ཆེ་བ་བཅས་ཀྱི“ལེགས་པ་གཅིག་དང་སྟོབས་ཆེན་ལྔའི”ཞབས་ཞུ་རྣམ་པའི་གཞི་རིམ་ཏང་ཡོན་ལས་བྱེད་དཔུང་ཁག་ཅིག་འཛུགས་ཆེད་སྡེ་ཁུལ་དེས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དང་། དམངས་ལ་ཟོལ་མེད་བརྩེ་སེམས་འཆང་བ། སྤྱོད་གཙང་གི་སེམས་པ་དང་སྒྲིག་ཁྲིམས་ནན་པོ་སྲུང་བ། སྤྱི་སེམས་བཅངས་ནས་དབང་ཆ་སྤྱོད་པ། བློ་རྩེ་གཅིག་སྒྲིམ་གྱིས་བྱ་བ་སྒྲུབ་པ་བཅས་ནང་དོན་གཙོ་བོར་བྱེད་པའི“སློབ་གསོ་ཁག་ལྔའི”བྱེད་སྒོ་སྤེལ་ཡོད། “སྤྱོད་ཚུལ་བཞི”དང་། “གནད་དོན་གཉིས”“ཉམས་ཞན་གཅིག”“མི་འདང་ས་གསུམ”བཅས་ཐག་གཅོད་བྱ་རྒྱུ་འགོ་འཛུགས་སར་བྱས་ནས་ཏང་ཡོན་གྱི“སྐར་མ་ལྔ་རིམ་པའི་གདེང་འཇོག”བྱེད་སྒོ་ཤུགས་ཆེན་སྤེལ་བ་དང་། ཏང་ཡོན་ཕན་ཚུན་གདེང་འཇོག་དང་། ཡུལ་མིའི་ཚད་ལེན་གདེང་འཇོག དཔྱད་འཇོག་སྒྲིག་འཛུགས་བཅས་ཀྱི་བྱེད་ཐབས་སྤྱད་པ། དུས་བཀག་ནང་ཏང་ཡོན་ཚང་མའི་བསམ་བློ་ཆབ་སྲིད་ཀྱི་རྣམ་འགྱུར་དང་། མང་ཚོགས་ལ་འབྲེལ་གཏུག་དང་ཞབས་ཞུ། གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ། རང་ངོས་བྱང་ཚད་གཟུགས་བརྙན་སོགས་གནས་ཚུལ་ལ་སྐར་མ་བསྡུར་ནས་རིམ་པ་ཕྱེ་བ་དང་འབྲེལ་དུས་བཀག་ནང་གྲུབ་འབྲས་རྣམས་སྡེ་ཁུལ་དུ་ཡོངས་བསྒྲགས་བྱས་ཡོད།
བྱེད་ཐབས་གསར་བཟོ་དང་ལས་སྟེགས་བཏོད་ནས་ཞབས་ཞུའི་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་བ།
གཞི་རིམ་གྱི་ཞབས་ཞུ་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་གི་སྤྱིའི་བླང་བྱར་དམིགས་པ་དང་སྡེ་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྡེ་ཁུལ་དུ་ཉེ་བཅར་དང་། དོན་དངོས་དང་ཉེ་བཅར། མང་ཚོགས་དང་ཉེ་བཅར་བཅས་ཀྱི་ཞབས་ཞུའི་གཞི་རྟེན་གསར་གཏོད་བྱེད་པ་དང་། ཁྱབ་རྒྱ་ཆེ་བ་དང་། དྲ་སྦྲེལ་དམ་ཚགས། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་རྩ་འཛུགས་མ་ལག་ཤུགས་ཆེན་གཏོད་པ། མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བཅས་བྱས་ཡོད། ཞབས་ཞུའི་ཐོན་ཁུངས་བསྡུ་སྒྲིལ་དང་མཉམ་གཏོད་མཉམ་སྤྱོད་མངོན་འགྱུར་བྱས་ནས་དྲ་སྦྲེལ་4ཡི་ལས་དོན་མི་སྣ་26དང་། ཡུལ་མིའི་ཚོགས་ཆུང་གི་ཙུའུ་ཀྲང་25“གཉིས་ལྡན་དུད་སྦྲེལ”གྱི་དུད་སྦྲེལ་འཐུས་མི་131བཅས་ཚང་མ་སྡེ་ཁུལ་གྱི་ཞབས་ཞུའི་སྟོབས་ཤུགས་ནང་བཞག་སྟེ་སྡེ་ཁུལ་ཏང་ཡོན་དང་བླངས་པའི་ཞབས་ཞུའི་རུ་ཁག་6བཙུགས་པས་དམངས་ལ་ཞབས་འདེགས་ཞུ་སྐབས་འབོད་མ་ཐག་འཕྲལ་དུ་སླེབས་པ་དང་རེ་འདུན་ཐག་གཅོད་བྱས་ཏེ“སྐར་མ་གསུམ་ནང་ཚུན་དུ་ཞབས་འདེགས་ཞུ་ཐུབ་པའི་འཁོར་རྒྱ”གནད་འཁེལ་ཞིག་ཧུར་ཐག་བཏོད་ཡོད།
མིག་སྔར་ཡུལ་མི་2000ལྷག་ཙམ་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་གི་སྐད་འཕྲིན་སྟེགས་བུའི་ནང་ཞུགས་པ་དང་། ཞབས་ཞུའི་འབྲེལ་གཏུག་གཱ་3000ལྷག་ཙམ་སྤྲོད་པ། སྐད་འཕྲིན་སྟེགས་བུ་དང་འབྲེལ་གཏུག་གཱ་བརྒྱུད་རིམ་རྩིས་བྱས་ནས་ཡུལ་མིའི་བསམ་འཆར་དང་གྲོས་འགོ་200ལྷག་ཙམ་གཅིག་སྡུད་བྱས་པ་བཅས་རེད། ཞབས་ཞུའི་ལས་སྟེགས་སྤྱད་དེ་ཡུལ་མིར་དམངས་དོན་ཚབ་གཉེར་དང་། ལག་རྩལ་གསོ་སྦྱོང་། ཁྲོམ་རའི་ཆ་འཕྲིན། ལས་ཞུགས་ཞབས་ཞུ། སྲིད་ཇུས་བློ་འདྲི། སྨན་བཅོས་འཕྲོད་བསྟེན་སོགས་ཁག་100ལྷག་ཙམ་ལ་ཞབས་འདེགས་ཞུ་བ། ཁྱིམ་ཚང་གི་འགལ་ཟླ་དང་ཁྱིམ་མཚེས་ཀྱི་འགལ་ཟླ་50ལྷག་ཙམ་འདུམ་འགྲིག་བཅས་བྱས་ཡོད། སྔ་རྗེས་སུ་སྒོར་ཁྲི་170ལྷག་ཙམ་གྲབས་གསོག་བྱས་ནས་གྲོང་མིར་བསམ་འཆར་མང་བའི་སྡེ་ཁུལ་གྱི་སྒོ་ར་ཆེ་མོ་5ཡི་སྤྱི་པའི་གསང་སྤྱོད་46ལ་སྒྱུར་བཀོད་བསྐྱར་སྐྲུན་དང་སྒོ་ར་ཆེ་མོ་10ཡི་ཆུ་འགྲོ་ཉམས་བཟོ་བྱས་ནས་སྡེ་ཁུལ་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཡོད། ཏང་ཡོན་སྒྲིག་འཛུགས་བྱས་ནས་ཞལ་འདེབས་འབུལ་བ་དང་ཁེ་ལས་ཀྱིས་རོགས་སྐྱོར་བྱེད་པ་སོགས་བྱེད་ཐབས་བརྒྱུད་སློབ་གྲྭར་འགྲོ་མུས་ཀྱི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་ཆེན་སློབ་མ་10ལ་སློབ་ཡོན་སྒོར་ཁྲི་5གྲབས་གསོག་བྱས་ཏེ་ཁོང་ཚོ་བདེ་བླག་ངང་སློབ་ཐོན་བྱ་རྒྱུར་རོགས་རམ་བྱས་ཡོད།
འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ར་མོ་ཆེ་སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པས་གྲོང་མི་ཚོར་ཏང་གི་དམངས་ཕན་སྲིད་ཇུས་འགྲེལ་བཤད་རྒྱག་པའི་གནས་ཚུལ་ཡིན་པ།