ལོ་འགོ་ནས་བཟུང་། དཔའ་ཤོད་རྫོང་གིས་གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཞིང་འབྲོག་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱེད་སྟངས་གསར་གཏོད་ཧུར་ཐུག་བྱས་ནས། གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅིས(འདེམས་གཏོང་བྱས་པའི་ཧྲུའུ་ཅི་ཚུད་པ)དུས་ཚིགས་རེར་ཤང(གྲོང་རྡལ)ཏང་ཨུད་ལ་འགན་འཁྲི་སྒྲུབ་ཚུལ་གསལ་ཞུ་བྱེད་པ་དང་། གྲོང་ཚོ(གྲོང་ལྷན)“ ཨུ་ལྷན་གཉིས”དང་། “འཐུས་མི་གཉིས་དང་ཨུ་ཡོན་གཅིག” ཞིང་འབྲོག་མང་ཚོགས་བཅས་ཀྱི་དམངས་གཙོའི་དཔྱད་མོལ་དང་ལེན་གྱིས། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་འགན་འཁྲི་སྒྲུབ་ཚུལ་གསལ་ཞུ་བྱས་ནས་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་བྱ་རྒྱུ་དེ་ཞིང་འབྲོག་ཁུལ་གྱི་གཞི་རིམ་དང་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”བར་སྣུར་སྲིང་བྱས་ཏེ་ཏང་འཛུགས་སྐྱོང་ལས་དོན་ལ་རྟག་ཏུ་དཔྱད་པ་དང་། རྟག་ཏུ་ལྟ་བ། རྟག་ཏུ་ཞིབ་བཤེར་བཅས་ཀྱི་རྒྱུན་གཏན་ཅན་གྱི་དཔྱད་གདེང་བྱེད་སྟངས་ཤིག་མངོན་འགྱུར་ཡོང་བ་བྱས་པས“ཧྲུའུ་ཅིས་དམ་འཛིན་དང་ཧྲུའུ་ཅིར་དམ་འཛིན”བྱེད་པའི་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་ཀའི་མཉམ་ཤུགས་ཤིག་ཆགས་པ་མ་ཟད། རྫོང་ཡོངས་ཀྱི་གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་ཀྱི་སྲིད་སྐྱོང་ནུས་པ་དང་ལས་ཀའི་ཆུ་ཚད་མཐོ་རུ་དང་ཞིང་འབྲོག་ཁུལ་གྱི་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་ཕྱིན་ཡོད།
ཏང་འཛུགས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་དུས་ཚིགས་རེའི་ལས་འགན་སྒྲུབ་ཚུལ་ཤེས་རྟོགས་དང་། དམངས་ཆེད་ལས་དོན་ཚབ་སྒྲུབ་ལམ་ལུགས་དང་། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཏང་འཛུགས་སྐྱོང་རྣམ་གྲངས་གཉེར་ནས་ཡོངས་བསྒྲགས་ངང་འགན་འཁྲི་སྒྲུབ་ཚུལ་གསལ་ཞུ་དང་དམངས་གཙོའི་དཔྱད་མོལ་དང་ལེན་བྱས་པ་རེད། དུས་ཚིགས་རེའི་ལས་འགན་སྒྲུབ་ཚུལ་ལག་བསྟར་བྱེད་པའི་དམིགས་ཡུལ་ནི་གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅིས་ཏང་འཛུགས་སྐྱོང་ལས་དོན་གྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་འཛུགས་སྐྱོང་ལས་དོན་རྒྱུན་གཏན་གྱི་ལས་ཀའི་སྒུལ་ཤུགས་སུ་བསྒྱུར་བ་དང་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་གོ་རིམ་ལྡན་པའི་འཁོར་སྐྱོད་ལ་སྐུལ་འདེད་བཏང་ཡོད།
འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་ནས་ལྟ་སྐུལ་མཛུབ་ཁྲིད་ཀྱི་འགན་འཁྲི་རྩད་གཅོད་ལག་བསྟར་བྱས་ཤིང་། རྫོང་ཨུད་རྩ་འཛུགས་པུས་གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅིས་དུས་ཚིགས་རེར་འགན་འཁྲི་སྒྲུབ་ཚུལ་གསལ་ཞུ་བྱེད་པར་དངོས་ཡོད་ཀྱི་གྲུབ་འབྲས་ལ་ཕྱོགས་སྡོམ་བྱེད་པ་དང་གནད་དོན་གལ་ཆེན་འཚོལ་ཞིབ་གཙོ་བོར་འཛིན་དགོས་པའི་བླང་བྱ་བཏོན་པ་སྟེ། གཅིག་ནས་ཏང་འཛུགས་སྐྱོང་དང་། དམངས་འཚོ། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར། བརྟན་ལྷིང་བཅས་ཐད་ཀྱི་བྱེད་ཐབས་གཙོ་བོ་དང་ཕན་འབྲས་ལ་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་ཕྱོགས་སྡོམ་བྱེད་པ་དང་ལྷག་པར་དུ་བཀོལ་སྤྱོད་ཆོག་པའི་ཉམས་མྱོང་གཙོ་བོར་འཛིན་དགོས་པ་དང། གཉིས་ནས་དངོས་ཡོད་གནད་དོན་ལ་དོ་སྣང་བྱེད་པ་ལས་མི་གཡོལ་བར་རྒྱུ་མཚན་དངོས་དང་། ལྷག་པར་དུ་གནད་དོན་དངོས་ལ་དབྱེ་ཞིབ་གཙོ་བོར་འཛིན་དགོས་པ། གསུམ་ནས་ལས་ཀའི་བསམ་ཕྱོགས་ཁ་གསལ་བཟོས་ནས་ལམ་ལུགས་འཛུགས་པ་དང་། ལྷག་པར་དུ་དོན་འཁྱོལ་རང་བཞིན་གྱི་བྱེད་ཐབས་དག་ཐེར་ཡོ་བསྲང་གཙོ་བོར་འཛིན་དགོས་པ་བཅས་སོ། འགན་འཁྲི་སྒྲུབ་ཚུལ་གསལ་ཞུ་བྱས་པའི་སྙན་ཞུར་རང་འགན་གཙང་སྒྲུབ་ཀྱི་འདུ་ཤེས་མངོན་གསལ་དོད་པོ་ཡོད་དགོས། ཤང(གྲོང་རྡལ)ཏང་ཨུད་ཀྱིས་འགག་སྒོ་ནན་པོ་བསྲུངས་རྗེས་རྫོང་རྩ་འཛུགས་པུའུ་ལ་ཞིབ་བཤེར་གཏན་འབེབས་གནས་ཚུལ་འབུལ་དགོས། རྫོང་ཨུད་རྩ་འཛུགས་པུས་འགན་འཁྲི་སྒྲུབ་ཚུལ་གསལ་ཞུ་བྱས་པའི་ཁྲོད་ནས་ཤེས་རྟོགས་བྱུང་བའི་གནད་དོན་ལ་དུས་ཐོག་ཏུ་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་པ་དང་། འགན་འཛོལ་བྱུང་ནས་རང་འགན་གཙང་སྒྲུབ་མི་བྱེད་མཁན་ལ་ཆ་བཞག་ན། ལྟ་སྐུལ་མཛུབ་ཁྲིད་དང་འགན་འཁྲི་རྩད་གཅོད་ལ་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་དག་ཐེར་ཡོ་བསྲང་བྱ་རྒྱུར་སྐུལ་འདེད་བཏང་ཡོད།
འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་ནས་དམངས་ཆེད་ཀྱི་དམིགས་ཡུལ་ལག་ལེན་དུ་འཁྱོལ་བ་བྱེད་དགོས་། རྫོང་ཏང་ཨུད་རྩ་འཛུགས་པུས་གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅིའི་རིག་གནས་བྱང་ཚད་མཐོ་དམའ་མི་སྙོམས་པའི་གནས་ཚུལ་དང་ཧེ་བག་ཅན་གྱི་ལྟ་སྟངས་ལ་དམིགས་ནས་ཡིག་ཐོག་ནས་འགན་འཁྲི་སྒྲུབ་ཚུལ་གསལ་ཞུ་བྱེད་པ་དང་། ངག་ཐོག་ནས་འགན་འཁྲི་སྒྲུབ་ཚུལ་གསལ་ཞུ་བྱེད་པ། གཞན་གྱིས་ཚབ་བྱས་ཏེ་འགན་འཁྲི་སྒྲུབ་ཚུལ་གསལ་ཞུ་བྱེད་པ་བཅས་ཀྱི་བྱེད་སྟངས་དང་། ཚོགས་ཞུགས་མི་སྣས་ས་གནས་ས་ཐོག་ཏུ་དྲི་བར་ལན་འདེབས་པ་དང་། ཤང་དང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅིས་ས་ཆ་དེ་གར་དཔྱད་བརྗོད་བྱེད་པ། གཅིག་གིས་གཅིག་ལ་བརྟེན་པ་དང་། གཅིག་གིས་མང་པོར་བརྟེན་པ། ཕན་ཚུལ་མཉམ་འགུལ་རྣམ་པ་བཅས་ཀྱིས་ས་ཆ་དེ་རང་དུ་དྲི་བར་ལན་འདེབས་པ་དང་ཕན་ཚུན་ལན་འདེབས་པའི་བྱེད་སྟངས་སྤྱད་དེ་དོན་དངོས་དང་བྲལ་བའི་ཏང་འཛུགས་སྐྱོང་གི་འགན་འཁྲི་སྒྲུབ་ཚུལ་གསལ་ཞུ་དང་དཔྱད་མོལ་བྱེད་པའི་ལས་དོན་ཞིབ་ཕྲ་ཅན་དུ་བཏང་བར་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་མོས་སེམས་ཐོབ་པ་དང་། ལས་ཕྱོད་ཇེ་ཆེར་སོང་བ། ལས་ཀའི་གནོན་ཤུགས་ཆེ་རུ་ཕྱིན་ཡོད། འགན་འཁྲི་སྒྲུབ་ཚུལ་གསལ་ཞུ་བྱེད་པའི་བྱེད་སྒོ་སྤེལ་བ་བརྒྱུད་གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་། ས་གནས་ས་ཐོག་ཏུ་དྲི་བར་ལན་བཏབ་པ་བརྒྱུད་གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅིས་ཏང་འཛུགས་སྐྱོང་གི་ལས་དོན་སྒྲུབ་པའི་རྒྱུན་རྣམ་ཅན་གྱི་འདུ་ཤེས་ཟབ་ཏུ་ཕྱིན་པ། དཔྱད་བརྗོད་བྱས་པ་བརྒྱུད་གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅིས་དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་ལེན་དུ་འཁྱོལ་བར་བྱེད་པའི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།
དཔའ་ཤོད་རྫོང་གི་གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅིས་དུས་ཚིགས་རེར་ལས་འགན་སྒྲུབ་ཚུལ་གསལ་ཞུ་དང་མང་ཚོགས་ཀྱི་དམངས་གཙོའི་དཔྱད་མོལ་དང་ལེན་གྱི་ལས་ཀ་དེ་རྒྱུན་གཏན་ཅན་དུ་འགྱུར་ནས་རྒྱུན་རྣམ་གསར་པའི་ཞིང་འབྲོག་པའི་གཞི་རིམ་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་ལས་དོན་སྒྲུབ་སྟངས་གསར་པ་ཞིག་བཏོད་པ་དེས་གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅིས་འགན་འཁྲི་དང་གནོན་ཤུགས་གསལ་ཞུ་བྱེད་ཐུབ་པ་དང་། ཏང་ཡོན་མང་ཚོགས་ཚོས་འགན་འཁྲི་ཁུར་ཕོད་པ་དང་རེ་བ་མཐོང་ཐུབ་པར་བྱས་པ། རྫོང་ཨུད་ལ་གཞི་རིམ་ཏང་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱེད་པའི་འགག་རྩ་དེ་རྙེད་ཐུབ་པར་བྱས་ཡོད། མིག་སྔར། རྫོང་ཡོངས་ཀྱི་གྲོང་ཚོའི(གྲོང་ལྷན)དུས་ཚིགས་རེར་ལས་འགན་སྒྲུབ་ཚུལ་གསལ་ཞུ་དང་དམངས་གཙོའི་དཔྱད་མོལ་བྱེད་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏིང་ཟབ་གཏོང་བཞིན་ཡོད།