དབུ་ཤོག>གསར་འགྱུར།
  • ​ ལྷུན་གྲུབ་རྫོང་སྤྱི་བདེ་ཅུས་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་རམ་བྱས་ནས་བརྩེ་སེམས་འཆང་ལུགས་མཚོན་པ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-01

    ཉེ་དུས་ལྷུན་གྲུབ་རྫོང་སྤྱི་བདེ་ཅུས་དགའ་ལྡན་ཆོས་འཁོར་དགོན་མངགས་གཏོང་ཁང་ལ་དགའ་ལྡན་ཆོས་འཁོར་གྲོང་རྡལ་དགའ་ལྡན་ཆོས་འཁོར་གྲོང་ཚོའི་གྲོང་མི་ཚེ་རིང་ནོར་བུས“དགའ་ལྡན་ཆོས་འཁོར་གྲོང་ཚོའི་ཚེ་རིང་དོན་ལྡན་གྱི་བུ་མོར་སྐྲན་ནད་ཕོག་སྟེ་མིག་སྔར་སྨན་ཡོན་སྒོར་ཁྲི་10ལྷག་ཙམ་བཏང་ཟིན་ཡོད། བུ་མོའི་ནད་གཞི་བཅོས་ཆེད་ཁྱིམ་གྱི་རིན་ཐང་ཡོད་པའི་དངོས་པོ་ཚང་མ་བཙོངས་ནས་མིག་སྔར་བུ་མོ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད། འོན་ཀྱང་སྨན་རིན་མཐོ་བའི་རྫས་འགྱུར་སྨན་བཅོས་སྨན་ཡོན་དང་སྨན་བཅོས་ཀྱི་འགྲོ་གྲོན་གྱིས་ཁྱིམ་ཚང་དབུལ་པོ་དེར་མུ་གེའི་སྟེང་ལ་ཟླ་ལྷག་ལྟར་བུ་ལོན་ལྕི་པོ་ཟུག དེར་བརྟེན་མངགས་གཏོང་ཁང་གིས་ཚེ་རིང་དོན་ལྡན་གྱི་བུ་མོར་རོགས་སྐྱོར་གནང་རོགས་ཞུ་ཞེས”སྙན་སེང་ཞུས།

    མངགས་གཏོང་ཁང་གིས་གནས་ཚུལ་དཔྱད་ཞིབ་བྱས་རྗེས་ཉེ་ཆར་མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་པའི་ལས་རོགས་ཡོངས་འབོད་སྐུལ་བྱས་ནས་གཅེས་སེམས་མཚོན་པའི་ཞལ་འདེབས་འབུལ་བའི་རྣམ་པའི་ཐོག་ནས་ཚེ་རིང་དོན་ལྡན་གྱི་བུ་མོར་ཐུགས་ཁུར་དང་རོགས་སྐྱོར་བྱས་པ་དང་ཞལ་འདེབས་འབུལ་རིང་མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་པའི་ལས་རོགས་ཚོས་ཕངས་སེམས་མེད་པར་ཞལ་འདེབས་ཕུལ་ནས་ཁྱིམ་ཚང་དེར་གཅེས་སེམས་མཚོན་པར་བྱས་ཡོད།

    གྲོང་མི་ཚེ་རིང་ནོར་བུས་མི་དམངས་ཉེན་རྟོག་པ་ཚོའི་གཅེས་སེམས་མཚོན་པའི་དངུལ་ལག་ཏུ་ལེན་སྐབས་སེམས་འགུལ་ཐེབས་བཞིན་“ངས་ཚེ་རིང་དོན་ལྡན་གྱི་ནང་མིའི་ཚབ་ཞུས་ནས་ཁྱེད་ཚོའི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ངས་ཁྱེད་ཚོའི་གཅེས་སེམས་མཚོན་པའི་དངུལ་དུས་ཐོག་ཏུ་ཚེ་རིང་དོན་ལྡན་གྱི་ལག་ཏུ་སྤྲོད་ཀྱི་ཡིན། ཁྱེད་ཚོ་ནི་མི་དམངས་ཀྱི་ཉེན་རྟོག་པ་ཡག་པོ་རེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།