དབུ་ཤོག>གསར་འགྱུར།
  • བོད་ཀྱི་མི་དམངས་ཀྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་བར་བསུ་བ་ཞུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-01

      རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་དྲན་གསོ་གཟབ་རྒྱས་ཞུ་བའི་དུས་མཚམས་འདིར། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་བའི་རྟེན་འབྲེལ་གྱི་ཉིན་མོ་དེ་འཆར་ཉེར་ཡོད་པའི་སྐབས་སུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤོབས་སེམས་ཆེན་པོའི་ངང་བྱ་སྤྱོད་དངོས་ཀྱི་ཐོག་ནས་འོད་སྟོང་འབར་བའི་དུས་ཆེན་འདིར་བསུ་བ་བྱེད་བཞིན་མཆིས། 1965ལོའི་ཟླ་9པར། བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དེས་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་ལ་རྣམ་པ་གསར་པ་ཞིག་བཏོད་ཡོད། ལོ་ངོ་50ནི་དཀའ་ཚེགས་ཀྱི་ཁྲོད་གྲུབ་འབྲས་ཆེ་བའི་ལོ་ཞིག་དང་།  འགྱུུར་ལྡོག་ཆེ་བའི་ལོ་ཞིག  འོད་སྟོང་འབར་བའི་ལོ་ཞིག་བཅས་རེད། བཀྲ་ཤིས་པའི་དུས་འདིར། ང་ཚོས་ཐུན་མོང་ཐོག་ལོ་ངོ་50རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་པའི་འགོ་ཁྲིད་འོག་དང་། ཏང་གི་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་ཀྱི་འོད་ཟེར་འོག  བོད་ལ་ཞི་བས་བཅིངས་འགྲོལ་བཏང་ཚུན་དང་། ལྷག་པར་དུ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྱི་གཅིག་སེམས་གཅིག་འབྲེལ་དང་། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཐོག་མུ་མཐུད་བསྐྱོད་པར་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཅིང་། བོད་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་དང་། མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ། དཔལ་འབྱོར་ཡོང་བབ་རྒྱུན་མཐུད་ངང་འཕར་སྣོན་བྱུང་བ་བཅས་ལོངས་སུ་སྤྱོད་རྒྱུ་ཡོད་པ་རེད།  ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་བས་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅིང་། སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་དང་། མང་ཚོགས་བདེ་སྡོད་ལས་བརྩོན། དཔལ་འབྱོར་གྱི་ཡོང་འབབ་འཕར་སྣོན་ཡོང་བར་སླར་ཡང་ཟིན་ཐོ་གསར་པ་གཏོད་ཡོད་པ་རེད།

    བོད་ཀྱི་ལོ་ངོ་50ཡི་རླབས་ཆེན་དོན་དངོས་ལས་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་ཁོ་ནའི་འོག་དང་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ། བློ་བརྟན་འགྱུར་མེད་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་བསྐྱོད་པ་དང་། མར་ལེ་རིང་ལུགས་ཀྱི་མི་རིགས་གི་ལྟ་བ་དང་ཏང་གི་མི་རིགས་སྲིད་ཇུས་རྒྱུན་འཁྱོངས་བྱས་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་སྔར་བས་སྲ་བརྟན་དང་འཐུས་ཚང་དུ་བཏང་ཚེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་གཞི་ནས་དར་རྒྱས་ཡར་ཐོན་གྱི་དེ་རིང་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་སྐྲུན་ཐུབ་པ་ར་སྤྲོད་བྱས་ཡོད། 

    ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པའི་རླབས་ཆེན་གྱི་དར་ཆ་མཐོན་པོར་བསྒྲེངས་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་བ་དེ་འགོ་འཛུགས་ས་གསར་པ་ཞིག་ཏུ་འཛིན་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་དེ་འགུལ་ཤུགས་སུ་བྱས་ནས་ཧུར་བརྩོན་ཆེན་པོས་སྔར་བས་གོང་འཕེལ་དང་འབྱོར་ཕྱུག འཆམ་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་སྐྲུན་དགོས།

    ལོ་ངོ་50ཡི་འོད་སྟོང་འབར་བའི་གྲུབ་འབྲས་ལས་བོད་ལྗོངས་འདིེ་ཉིད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། ང་ཚོས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་མཐུན་སྒྲིལ་དང་གཅིག་སེམས་གཅིག་འབྲེལ་གྱིས་བྱ་སྤྱོད་ངོ་མས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་རྒྱུ་དང་། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བ་བྱས་ཏེ"ཁྱོན་ཡོངས་བཞི"འཐབ་ཇུས་ཀྱི་བཀོད་སྒྲིག་བྱེད་ཚུལ་ཁྲིད་སྟོན་དུ་བྱས་ནས་འབྱོར་ཕྱུག་དང་། འཆམ་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ་དང་མཛེས་སྡུག་བཅས་ལྡན་པའི་བོད་ལྗོངས་སྐྲུན་ཆེད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།