དབུ་ཤོག>གསར་འགྱུར།
  • བོད་ཀྱི་ཁྲོམ་རའི་གཙོ་གཟུགས་ཀྱི་ལོ་འཁོར་སྙན་ཞུ་ཡོངས་བསྒྲགས་ཀྱི་སྒྱུར་བཅོས་ལས་འགན་ཡོངས་སུ་ལེགས་གྲུབ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-31

    གསར་འགོད་པས་ལྗོངས་ཡོངས་ཀྱི་བཟོ་ཚོང་སྲིད་འཛིན་དོ་དམ་ཁོངས་གཏོགས་ཀྱི་སྒྱུར་བཅོས་གཏིང་ཟབ་དང་ལོ་འཁོར་སྙན་ཞུ་ཡོངས་བསྒྲགས་ལས་དོན་གྱི་གཟེངས་བསྟོད་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། རང་ལྗོངས་ཀྱིས་ཟླ་6ཚེས་30གོང་གི་ཁྲོམ་རའི་གཙོ་གཟུགས་ཀྱི་ལོ་འཁོར་སྙན་ཞུའི་95%ཡན་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ནས་ལས་དོན་གྱི་བརྒྱུད་རིམ་ནང་དང་ལས་དོན་སྤེལ་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད་པ་རེད།

    ཟླ་6ཚེས་30ཉིན་བར་རང་ལྗོངས་སུ་2013ལོ་འཁོར་ནང་ལོ་འཁོར་སྙན་ཞུ་བྱེད་དགོས་པའི་ཁེ་ལས་ཚོང་དུད་15385ཟིན་པ་དང་ལོ་འཁོར་སྙན་ཞུ་བྱས་པའི་ཁེ་ལས་ཚོང་དུད་14633ཟིན་ནས་ལོ་འཁོར་སྙན་ཞུ་ཡོངས་བསྒྲགས་བྱེད་ཚད་95.11%ཟིན་པ་དང་ལོ་འཁོར་སྙན་ཞུ་བྱེད་དགོས་པའི་ཁེར་རྐྱང་བཟོ་ཚོང་ཚོང་དུད་66192ཟིན་པ་དང་ལོ་འཁོར་སྙན་ཞུ་བྱས་པའི་ཚོང་དུད་63640ཟིན་ནས་ལོ་འཁོར་སྙན་ཞུ་ཡོངས་བསྒྲགས་བྱེད་ཚད་96.14%ཟིན་ཡོད་པ་རེད། 2014ལོ་འཁོར་ནང་ལོ་འཁོར་སྙན་ཞུ་བྱེད་དགོས་པའི་ཁེ་ལས་ཚོང་དུད་20862ཟིན་པ་དང་ལོ་འཁོར་སྙན་ཞུ་བྱས་པའི་ཚོང་དུད་19938ཟིན་ནས་ལོ་འཁོར་སྙན་ཞུ་ཡོངས་བསྒྲགས་བྱེད་ཚད་95.57%ཟིན་པ་དང་ལོ་འཁོར་སྙན་ཞུ་བྱེད་དགོས་པའི་ཁེར་རྐྱང་བཟོ་ཚོང་90208ཟིན་པ་དང་ལོ་འཁོར་སྙན་ཞུ་བྱས་པའི་ཚོང་དུད་87642ཟིན་ནས་ལོ་འཁོར་སྙན་ཞུ་ཡོངས་བསྒྲགས་བྱེད་ཚད་97.16%ཟིན་ཡོད་པ་རེད།

    འདི་ལོ་ཤར་ཚུན་རང་ལྗོངས་ཀྱི་བཟོ་ཚོང་ཁོངས་གཏོགས་ཀྱིས་ཁེ་ལས་ཆ་འཕྲིན་གྱི་ཆ་འཕྲིན་ཡོངས་བསྒྲགས་མ་ལག་སྔར་བས་འཐུས་ཚང་དུ་བཏང་ནས་འཕྲལ་མྱུར་གྱི་ཆ་འཕྲིན་གསར་བརྗེས་དང་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་སྤེལ་རེས་སོགས་ཀྱི་ནུས་པར་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཡོངས་ཀྱི་ཚོང་དུད་ཁྲི་13.51ཡི་ཁྲོམ་རའི་གཙོ་གཟུགས་ཐོ་འགོད་ཀྱི་གཞི་རྩའི་ཆ་འཕྲིན་ཁྲིམས་ལྟར་ཡོངས་བསྒྲགས་བྱས་པས་ཁོངས་གཏོགས་དྲ་ངོས་ཀྱི་ཆ་འཕྲིན་ལྟ་སྤྱོད་བྱེད་གྲངས་ཁྲི་4700ལས་བརྒལ་བ་དང་འདྲི་རྩད་བྱེད་གྲངས་ཁྲི་2340ལས་བརྒལ་ནས་སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱིས་ཆ་འཕྲིན་འདྲི་རྩད་བྱེད་པའི་དགོས་མཁོ་སྐོང་ཐུབ་པ་བྱུང་ཡོད། རྨང་གཞིའི་གྲངས་གཞི་གཙང་བཤེར་ཞིབ་བསྡུར་ལས་དོན་གཅིག་སྡུད་ཐོག་སྤེལ་ཏེ་ཁོངས་གཏོགས་ཡོངས་ཀྱིས་གྲངས་གཞིའི་མཛོད་ནང་གི་2013ལོ་དང་2014ལོའི་ནང་ལྷག་པའི་གྲངས་གཞི་ཁྱོན་33456གཙང་བཤེར་བྱས་པ་རེད། ཁྲོམ་རའི་གཙོ་གཟུགས་ཀྱི་འཐེན་བཤེར་དང་ལྟ་སྐུལ་དོ་དམ་གྱི་ལག་བསྟར་བྱ་ཐབས་བཟོས་ནས་སྐབས་བསྟུན་བཞིན་ཁེ་ལས་760འཐེན་ནས་མ་དངུལ་འདོན་སྤྲོད་ཆ་འཕྲིན་ཡོངས་བསྒྲགས་ལ་གནས་གཏན་འཁེལ་གྱི་འཐེན་བཤེར་ལས་དོན་སྤེལ་བས་ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་གཙོ་བོར་བྱེད་པའི་ལྟ་སྐུལ་དོ་དམ་བྱེད་སྟངས་གསར་པ་ཞིག་ཆགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།