དབུ་ཤོག>གསར་འགྱུར།
  • “ཕྱོགས་ཡོངས་ནས་བཞི”ལ་བརྟེན་ནས་བོད་ཀྱི་ལས་དོན་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-08-31

    “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་བརྟེན་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཀྱི་ལས་དོན་ལ་སྣེ་ཁྲིད་བྱ་རྒྱུ་དེ་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པས་ཏང་གི་བོད་སྐྱོང་ཇུས་ཆེན་ཐད་རྒྱས་བཤད་གསར་པ་གནང་བ་ཞིག་ཡིན་པས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་ཏང་དང་རྒྱལ་ཁབ་ལས་དོན་གྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་ཐོག་ནས་བོད་ཀྱི་ལས་དོན་ཐད་ཇུས་གཞི་འདིང་བའི་ཐབས་མཆོག་ཇུས་ཆེན་གང་ལེགས་མངོན་གྱི་ཡོད་པས་ང་ཚོས་གོ་བ་གཏིང་ཟབ་ལེན་པ་དང་སྟངས་འཛིན་ནན་པོ་ཐུབ་པ་བྱས་ནས“ཕྱོགས་ཡོངས་ནས་བཞི”མཛུབ་ཁྲིད་དུ་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཕྱིར་སྐུལ་འདེད་གཏོང་དགོས།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱོན་ཡོངས་ནས་འགོ་བཙུགས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བཅས་ཀྱི“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་བཏོན་གནང་བ་དང་གྲུབ་ཡོད།

    “ཕྱོགས་ཡོངས་ནས་བཞི”ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་དང་ལག་ལེན་གྱི་ཕྱོགས་སྟོན་ཞིག་ཡིན་པ་དང་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན་བཅས་ཀྱི་ཐོག་ནས་བོད་ལྗོངས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་བར་ངེས་པར་དུ“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་དེ་གཞི་རྩའི་མཛུབ་ཁྲིད་ཅིག་ཏུ་བརྩི་དགོས།

    ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ནི“ཕྱོགས་ཡོངས་ནས་བཞིར”སྐུལ་འདེད་གཏོང་བའི་ཤུགས་ཆེའི་སྒུལ་ཤུགས་ཤིག་རེད། “མི་དམངས་ཀྱི་རེ་འབོད་ལ་སྒྱུར་བཅོས་ཀྱིས་བརྡ་ལན་ཞུ་བ”དང་སྒྱུར་བཅོས་མ་བྱས་ཚེ་མདུན་ལམ་མེད་པ་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་མ་བཏང་ཚེ་རིམ་པ་དེ་བས་མཐོ་བའི་གོང་འཕེལ་ཡོང་མི་སྲིད་ལ་བརྟན་ལྷིང་སྲུང་སྐྱོང་ཐད་ལའང་སྔོན་འགྲོའི་ཆ་རྐྱེན་མེད་པར་འགྱུར་ངེས་ཡིན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱེད་པར་སྲིད་གཞུང་གི་ནུས་པ་དང་ཁྲོམ་རའི་ནུས་པ་དང་། ཕྱི་ཤུགས་ལ་བརྟེན་རྒྱུ་དང་ནང་ཤུགས་འཕེལ་བ་བྱ་རྒྱུ། ནང་ཁུལ་སྒོ་དབྱེ་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པ། གྲོང་རྣམ་གསར་པ་དང་གྲོང་གསེབ་གསར་པ་འཛུགས་སྐྲུན། གསར་སྤེལ་འཛུགས་སྐྲུན་དང་སྣོད་བཅུད་སྲུང་སྐྱོང་བཅས་སྔར་ལས་ལེགས་པའི་ངང་ཟུང་འབྲེལ་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་ཡོད་པས་ང་ཚོས་རྒྱུན་སྲིང་ལྷོད་མེད་ངང་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དེ་མཐའ་སྐྱོང་བོད་བརྟན་གྱི་ལྷུ་ཚིགས་ཁག་ཁྲོད་ལག་བསྟར་ཐུབ་པ་བྱས་ཏེ་བློ་ཁོག་ཆེན་པོས་འཚོལ་ཞིབ་དང་དེ་བས་ཆེ་བའི་ཆོད་སེམས་དང་བློ་སྟོབས་ཀྱི་ཐོག་ནས་མུ་མཐུད་དེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་སུ་ཚད་བརྒལ་གསར་པ་ཡོང་ཐབས་བྱས་ཐོག་རྒྱུན་ཆད་མེད་པར་མི་རིགས་ཁག་གི་མང་ཚོགས་རྣམས་འཕེལ་རྒྱས་ནང་ཞུགས་ཚད་མཐོ་རུ་དང་ཐོབ་བྱུང་སྙམ་པའི་བློ་ཟབ་ཏུ་གཏོང་དགོས།

    བོད་ཀྱི་འཕེལ་རྒྱས་མྱུར་པོ་དེ་ཁྲིམས་སྐྱོང་གི་རྒྱབ་སྐྱོར་དང་ཁ་བྲལ་ཐབས་མེད་པ་དང་བོད་ཀྱི་ཡུན་རིང་བདེ་འཁོད་དེ་ཁྲིམས་སྐྱོང་གི་འགན་ལེན་དང་ཁ་བྲལ་ཐབས་མེད། ཁྲིམས་བཞིན་བོད་སྐྱོང་རྒྱུ་ནི་མཐའ་སྐྱོང་བོད་བརྟན་གྱི་ལྡོག་མེད་ལམ་བུ་ཞིག་ཡིན་ལ་ཕུགས་ལ་དོ་དམ་དང་ཁྱོན་ཡོངས་ལ་དམིགས་པའི་གཞི་རྩའི་ཐབས་ཇུས་ཤིག་ཀྱང་ཡིན། ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་སྐྱོང་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ལྟེ་བ་ཡིན་པའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ལས་དོན་དང་། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་ཁོང་དུ་ཆུད་པ་བྱེད་པ། བོད་ཀྱི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་གིས་རྒྱལ་ཁབ་ཀྱི་གཅིག་གྱུར་དང་བདེ་འཇགས་ཐད་ལྡན་པའི་དམིགས་བསལ་གྱི་གལ་ཆེའི་རང་བཞིན་གསལ་ཤེས་གང་ལེགས་ཐུབ་པ། བོད་ལ་འཕྲད་པའི་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བ་ཐག་གཅོད་ཡང་དག་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ་སོགས་ཀྱིས་ཁྲིམས་ལྟར་བཅོས་སྐྱོང་དང་། རང་འགུལ་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་ཟུང་འབྲེལ་གྱིས་བོད་ཀྱི་ཁྱད་ཆོས་ལྡན་པ་དང་ཅུང་ཆ་ཚང་བའི་ས་གནས་རང་བཞིན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་མ་ལག་ཅིག་ཧུར་ཐག་བསྐྲུན་དགོས།

    བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བར་འགག་རྩ་ཏང་དང་མི་ལ་ཐུག་ཡོད་པས་ཏང་གིས་ཏང་ལ་དོ་དམ་ནན་པོ་བྱེད་པ་དང་། ཏང་ནན་པོ་སྐྱོང་བ། ཏང་གི་སྒྲིག་ཁྲིམས་ནན་པོ་སྲུང་བ་དང་ལྷག་དོན་དུ་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོ་སྲུང་རྒྱུ་མཐའ་འཁྱོངས་ཀྱིས་སྔ་བར་ཕྱི་གསུམ་དུ་བསམ་བློ་དང་ཆབ་སྲིད་བྱ་སྤྱོད་བཅས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་དང་། སྔ་བར་ཕྱི་གསུམ་དུ་ཏང་དང་མི་དམངས་ལ་བློ་དཀར་སེམས་དཀར་ཐུབ་པ། བློ་བརྟན་འགྱུར་མེད་ངང་ཏང་གི་བྱེད་ཕྱོགས་སྲིད་ཇུས་ཁག་དོན་འཁྱོལ་ཐུབ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ལ་ཤུགས་སྣོན་གྱིས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་གྱི་གལ་ཆེའི་རྩ་དོན་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། ངོས་འཛིན་གཅིག་གྱུར། ཁ་ཞེ་གཉིས་མེད། རྣམ་འགྱུར་བརྟན་པོ། གོམ་སྟབས་གཅིག་གྱུར་བཅས་བྱེད་པ་ལས“མགོ་གཉིས་མ”བྱེད་མི་རུང་། རང་གི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་མཐུན་སྒྲིལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་བརྟན་པོ་བསྐྲུན་པ་དང་སེམས་ནུས་གཅིག་སྒྲིལ་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཕྱིར་རྨང་གཞི་བརྟན་པོ་འདིང་བ་དང་ཟད་མཐའ་མེད་པའི་སྒུལ་ཤུགས་སྣོན་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།