དབུ་ཤོག>གསར་འགྱུར།
  • ཉིང་ཁྲིའི་དཔལ་འབྱོར་འཕར་ཚད་དང་སྤུས་ཚད་དུས་གཅིག་ཏུ་ལེགས་སུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-30

    འདི་ལོ་ནས་བཟུང་ཉིང་ཁྲི་གྲོང་ཁྱེར་གྱིས“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་བཏང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་པ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་བཅས་བྱས་ནས་དཔལ་འབྱོར་མྱུར་འཕར་དང་སྤུས་ཚད་དུས་གཅིག་ཏུ་ལེགས་སུ་ཕྱིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་བ་དང་པོ་ནས་6པ་བར་གྲོང་ཁྱེར་དེ་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྔོན་རྩིས་བྱས་ན་སྒོར་དུང་ཕྱུར་35.87ཟིན་པ་དེ་དུས་མཚུངས་ལས་13.7%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར་49.23ཟིན་པ་དེ་དུས་མཚུངས་ལས་23.5%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྔོན་རྩིས་བྱས་ན་སྒོར་13176ཟིན་པ་དེ་དུས་མཚུངས་ལས་34.6%འཕར་བ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྔོན་རྩིས་བྱས་ན་སྒོར་4408ཟིན་པ་དེ་དུས་མཚུངས་ལས་19.5%ཟིན་པ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་པོ་སིལ་འཚོང་སྤྱི་འབོར་སྔོན་རྩིས་བྱས་ན་སྒོར་དུང་ཕྱུར་13.2ཟིན་པ་དེ་དུས་མཚུངས་ལས་14.1%འཕར་བ་བཅས་རེད།

    འདི་ལོའི་ལོ་སྟོད་དུ་ཉིང་ཁྲི་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་ཀྱིས་སྐུལ་ཁྲིད་ཤུགས་ཆེན་བྱས་པ་དང་། ཐོན་ལས་ཀྱི་གསོན་ཤུགས་འདང་ངེས་ཤིག་ལྡན་པ། གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་པོ་ཡོད་པ། སྒྱུར་བཅོས་སྒོ་དབྱེའི་ཕན་འབྲས་ཆེ་བ་བཅས་བྱུང་ནས་རྒྱལ་ཁབ་ཀྱིས་མ་འཇོག་སྒོར་དུང་ཕྱུར་32.43བྱས་པ་དང་། བོད་སྐྱོར་མ་འཇོག་སྒོར་དུང་ཕྱུར་2.61ཟིན་པ། སྤྱི་ཚོགས་མ་འཇོག་སྒོར་དུང་ཕྱུར་14.13ཟིན་པ་བཅས་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་46.3%དང་། 174.8% 15.4%བཅས་འཕར་ཡོད་པ་རེད། སྣོད་བཅུད་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་བརྟན་པོའི་ངང་ཆེ་རུ་ཕྱིན་ནས་འཕར་ཐང་སྒོར་དུང་ཕྱུར་3.19ཟིན་པ་དེ་དུས་མཚུངས་ལས་20.8%འཕར་ཡོད་པ་དང་། ཡུལ་སྐོར་བ་མི་ཐེངས་ཁྲི་113.94ལ་སྣེ་ལེན་ཞུས་ནས་ཡོང་འབབ་སྒོར་དུང་ཕྱུར་10.49བྱུང་བ་དེས་ཁག་སོ་སོར་36.26%དང་67.78%འཕར་ཡོད་ཅིང་། ཟླ་དང་པོ་ནས་6པའི་བར་ཉིང་ཁྲི་གྲོང་ཁྱེར་གྱི་ཚོང་དོན་ལམ་ལུགས་ཀྱི་སྒྱུར་བཅོས་ལས་དོན་གྱི་འཕེལ་རིམ་བདེ་བླག་བྱུང་བ་དང་གསར་དུ་ཐོ་འགོད་བྱས་པའི་ཁྲོམ་རའི་གྲུབ་ཆ་གཙོ་བོ་ཁག་གི་དུད་ཚང་1862ཟིན་པ་དང་། ཐོ་བཀོད་མ་རྩ་སྒོར་དུང་ཕྱུར་16.46ཟིན་པ། རྒྱུན་རྣམ་གྱི་ཁྲལ་འབབ་སྒོར་དུང་ཕྱུར་6.18ལེགས་གྲུབ་བྱས་པ་དེ་དུས་མཚུངས་ལས་20.73%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།