དབུ་ཤོག>གསར་འགྱུར།
  • ལོ་སྟོད་དུ་གཞིས་རྩེའི་ཞིང་འབྲོག་ལས་འཁོར་རྒྱུག་བཟང་པོ་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-30

    ཉེ་ཆར་གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་ཞིང་འབྲོག་ཅུས་ནས་ཤེས་རྟོགས་བྱས་པར། འདི་ལོ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱིས་བྱ་ཐབས་སྣ་ཚོགས་སྤྱད་པ་དང་ཐབས་མང་མཉམ་དུ་སྤྱད་དེ་ཞིང་འབྲོག་ལས་ཀྱི་ལས་དོན་གྱི་བྱ་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་གྱིས་ལོ་སྟོད་ཀྱི་ཞིང་འབྲོག་ལས་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱུང་ནས་ལོ་ཧྲིལ་པོར་ཞིང་འབྲོག་ལས་ཀྱི་དམིགས་ཚད་ཁག་བདེ་བླག་ངང་ལེགས་གྲུབ་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་གཏིང་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལོ་སྟོད་དུ་གཞིས་རྩེ་གྲོང་ཁྱེར་གྱིས་ཁྱོན་འདེབས་ཁྱོན་མུའུ་ཁྲི་130.79དོན་འཁྱོལ་བྱས་པའི་ནང་ནས་ཀྱི་འདེབས་ཁྱོན་མུའུ་ཁྲི་74.14ཟིན་ཐོག་ནས་དང་གྲོའི་སྣ་ཁ་གསར་པ་མུའུ་ཁྲི་53.345ཁྱབ་གདལ་བཏང་བ་རེད། འབྲོག་ལས་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། ལོ་སྟོད་དུ་ཕྱུགས་ཕྲུག་མགོ་གྲངས་ཁྲི་141.9སྐྱེས་ནས་གསོན་ཚད་92%ཟིན་པ་རེད། ཞིང་འབྲོག་རྣམ་གྲངས་བསྟུད་མར་ལས་འགོ་ཚུགས་པ་དང་ལས་འགོ་བསྐྱར་ཚུགས་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་ལོ་སྟོད་ཀྱི་ཞིང་འབྲོག་ལས་ཀྱི་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་རིགས་17དང་ཁག་125ཟིན་པ་དང་རྣམ་གྲངས་ཀྱི་སྤྱིའི་མ་དངུལ་སྒོར་དུང་ཕྱུར་7.11ཟིན་ཡོད་པ་རེད། ཐོན་ལས་ཅན་གྱི་གཉེར་སྐྱོང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཞིང། མིག་སྔའི་བར་གྲོང་ཁྱེར་དེ་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་ཆེད་ལས་མཉམ་ལས་ཁང་475བར་འཕེལ་རྒྱས་ཕྱིན་པ་དེ་ན་ནིང་ལས་12མང་དུ་ཕྱིན་ཡོད་པ་རེད། ཞིང་འབྲོག་ལས་ཀྱི་ཐོན་ལས་ཅན་གྱི་གཉེར་སྐྱོང་གི་ཀ་རྟེན་ཁེ་ལས་17ལ་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.98ཟིན་པ་དེ་དུས་མཚུངས་ལས་9%འཕར་ཡོད་པ་རེད།

    “4·25”ཡི་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པར་བརྟེན་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གི་ཞིང་འབྲོག་སྒྲིག་བཀོད་ལ་ཚད་གཞི་མི་འདྲ་བའི་སྒོ་ནས་གནོད་འཚེ་ཕོག་པ་རེད། གནོད་འཚེ་ཕོག་ཚབས་ཆུང་དུ་གཏོང་ཆེད་གཞིས་རྩེ་གྲོང་ཁྱེར་སྐྱིད་རོང་དང་། གཏིང་སྐྱེས། དིང་རི་སོགས་གནོད་འཚེ་ཕོག་པའི་རྫོང་ལ་གཟན་ཆག་ཏུན་100དང་། ཡོམ་འགོག་རྫས་ལུད་ཏུན་100 སོན་བཟང་སྤྱི་རྒྱ་ཁྲི་5བཅས་དང་དེ་བཞིན་སྒོར་ཁྲི་13རི་བའི་རིམས་འགོག་སྨན་རྫས་གཏོང་འདྲེན་བྱས་པ་དང་དུས་མཚུངས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་རྫོང་ཁག་གི་གནོད་འཚེའི་རྗེས་ཀྱི་རིམས་འགོག་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་མངགས་ཏེ་གནོད་འཚེ་ཕོག་ཁུལ་གྱི་ཞིང་འབྲོག་ལས་ཀྱི་ལས་དོན་རྒྱུན་གཏན་ངང་སྤེལ་རྒྱུར་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།