དབུ་ཤོག>གསར་འགྱུར།
  • མངའ་རིས་ས་ཁུལ་གྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར་བརྒྱ་ཡི་འགག་སྒོ་ཆེན་པོ་ལས་བརྒལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-30

    གསར་འགོད་པར་ཉེ་ཆར་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་མངའ་རིས་ས་ཁུལ་གྱི་བཅོལ་དངུལ་ཁག་ཆེས་ཆེར་འཕར་ཞིང་། ཟླ་7པའི་ཟླ་མཇུག་བར། བཅོལ་དངུལ་ལྷག་གྲངས་ཁག་སྒོར་དུང་ཕྱུར་108.38ཟིན་པ་དེ་ལོ་སྟོད་ལས་སྒོར་དུང་ཕྱུར་17.86འཕར་ནས་འཕར་ཚད་19.73%ཟིན་པ་དང་། སྒོར་དུང་ཕྱུར་བརྒྱ་ཡི་འགག་སྒོ་ཆེན་པོ་ལས་ཐེངས་དང་པོར་བརྒལ་བ་དང་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་བཏོད་ཡོད། བཅོལ་དངུལ་ཁག་མགྱོགས་མྱུར་འཕར་ཞིང་། ཟླ་7པའི་ཟླ་མཇུག་བར་ས་ཁུལ་དེ་ཡོངས་ཀྱི་བཅོལ་དངུལ་ལྷག་གྲངས་ཁག་སྒོར་དུང་ཕྱུར་17.14ཟིན་པ་དེ་ལོ་སྟོད་ལས་སྒོར་དུང་ཕྱུར་2.69འཕར་ནས་འཕར་ཚད་18.62%ཟིན་ཡོད།

    འདི་ལོ་ནས་བཟུང་། མངའ་རིས་ས་ཁུལ་གྱི“ཞིང་གསུམ”ཡིད་རྟོན་དངུལ་བུན་གཏོང་ཚད་མཐོ་རུ་བཏང་ཞིང་། ཟླ་7པའི་ཟླ་མཇུག་བར་ས་ཁུལ་ཡོངས་ཀྱི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་11.98ཡོད་པ་དེས་དངུལ་བུན་ལྷག་གྲངས་ཀྱི་69.89%ཟིན་པ་དེ་ལོ་སྟོད་ལས་སྒོར་དུང་ཕྱུར་1.44འཕར་ནས་འཕར་ཚད་13.73%ཟིན་པ་དེའི་ནང་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་སྒོར་དུང་ཕྱུར་11.9ཡོད། ཞིང་འབྲེལ་དངུལ་བུན་ཁག་གི་ནང་ཞིང་འབྲོག་པར་ཐད་ཀར་སྤྲོད་པའི་དངུལ་བུན་སྒོར་དུང་ཕྱུར་4.67ཡོད་པ་དེས་ཞིང་འབྲེལ་དངུལ་བུན་ལྷག་གྲངས་བསྡོམས་འབོར་གྱི་38.98%ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།