ཀོ་བའི་གྱོན་གོས་ལ་བདག་གཅེས་བྱེད་ཐབས་བཞི་ཡོད་པ་སྟེ།
1.རས་མཉེན་པོར་སྒོ་ངའི་སྤྲི་དཀར་བྱུགས་ཏེ་ཕྱིས་ཚེ་དྲེག་པ་གཙང་དག་ཐུབ་ནས་འོད་མདངས་སླེབས་ཀྱི་ཡོད།
2.ཞག་ཚིལ་ཡོད་པའི་ཀོ་གོས་ལ་སུབ་རྟས་ཕྱིས་ཚེ་གཙང་མར་དག་ཐུབ།
3.དྲེག་པ་མང་པོ་འཁོར་ཚེ་རས་སམ་ཕག་ཟེ་མཉེན་པོས་ཡང་ཡང་ཕྱིས་ཚེ་གསར་ལོག་ཡོང་ཐུབ།
4.ཀོ་གོས་ཧ་ཅང་བཙོག་པ་ཆགས་ཡོད་ཚེ་སྔོན་ལ་ཆུ་དྲོད་འཇམ་གྱིས་འཁྲུ་བ་དང་།དེ་རྗེས་ཡི་ཙི་བརྒྱབ་སྟེ་ཕག་ཟེ་མཉེན་པོས་འཕུར་འཕུར་གང་འཚམས་བཏང་རྗེས།ཆུ་བཤལ་བཏང་ནས་གྲིབ་སྐམ་གཏོང་བ་དང་།དེ་ནས་ཀོ་རྩི་བྱུགས་ན་ཀོ་ཆས་ལ་སྔར་བཞིན་འོད་མདངས་རྒྱག་གི་ཡོད།