དབུ་ཤོག>གསར་འགྱུར།
  • རྒྱུན་འཁྱོངས་ལྷོད་མེད་ཀྱིས“སྤུས་ཚད་ལ་བརྟེན་ནས་ས་ཁུལ་དར་རྒྱས་གཏོང་བར”སྐུལ་འདེད་གཏོང་དགོས།

  •     རྩོམ་པ་པོ།  མ་ཅིན་དང་ལི་ཝུན་ཅན་གྱིས།   |     སྤེལ་དུས།  2015-08-28

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་ས་ཁུལ་གྱི་སྤུས་ཚད་ལྟ་ཞིབ་སྡེ་ཚན་གྱིས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ནས་སྤུས་ཚད་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཐོག་མཐའ་བར་གསུམ་དུ་གནས་བབ་གལ་ཆེན་དུ་བཞག་སྟེ་སྤུས་ཚད་བདེ་འཇགས་ཀྱི་འགན་ལེན་མ་ལག་ཧུར་ཐག་བསྐྲུན་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    སྤུས་ཚད་ནི་འཕེལ་རྒྱས་ཀྱི་རྒྱུན་སྲིང་རང་བཞིན་དང་འབྲེལ་བ་ཡོད་པ་དང་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་མ་ཟད། ཤེས་དཔལ་གྱི་ཚད་གཞིའང་མཚོན་ཡོད། སྤུས་ཚད་ལེགས་ན་འཕེལ་རྒྱས་མྱུར་བ་དང་སྤུས་ཚད་ལེགས་ན་དཔལ་འབྱོར་སྟོབས་དང་ལྡན། སྤུས་ཚད་ཀྱི་གནད་དོན་ནི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་པ་མ་ཟད། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་ཡིན་པ་ར་འཕྲོད་བྱུང་ཡོད། ཚོང་ཟོག་གི་སྤུས་ཀ་ཡག་པོ་མེད་ཚེ་ཁྲོམ་རའི་ཞིབ་དཔྱད་ཐེག་མ་ཐུབ་པ་དང་འཕེལ་རྒྱས་གཏོང་བར་སྤུས་ཚད་འགན་ལེན་མ་བྱས་ན་དུས་ཚོད་ཀྱི་ཞིབ་དཔྱད་ཀྱང་ཐེག་མ་ཐུབ་པས། སྐྱོན་བྲལ་མིན་ལ་ཚན་རིག་དང་མཐུན་གྱི་མེད། དེར་བརྟེན། སྤུས་ཚད་ལྟ་སྐུལ་དོ་དམ་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱེད་ས་གལ་ཆེན་ཞིག་རེད།

    རྗེས་སུ་འཕེལ་རྒྱས་གཏོང་བའི་ས་ཁུལ་ཞིག་གི་ངོས་ནས་བརྗོད་ན། མགྱོགས་མྱུར་འཕེལ་རྒྱས་གཏོང་བཞིན་དུ་ཐོན་རྫས་ཀྱི་སྤུས་ཚད་ལེགས་སུ་དང་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་ནུས་ཆེ་རུ་གཏོང་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ། སྤུས་ཚད་ལྟ་སྐུལ་དོ་དམ་གྱི་ལས་དོན་ཡག་པོ་སྒྲུབ་པར་དང་པོ་སྤུས་ཚད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། དེ་ལ་ང་ཚོས་ངེས་པར་དུ་ལས་ཀའི་གཙོ་གནད་དེ་འཕེལ་རྒྱས་གཏོང་སྟངས་འགྱུར་ལྡོག་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་འཕར་བའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བའི་ཐད་གང་མགྱོགས་གཞན་སྒྱུར་བྱས་ཏེ་སྤུས་ཚད་ལ་བརྟེན་ནས་འཚོ་གནས་དོན་གཉེར་བྱེད་པ་དང་སྤུས་ཚད་ལ་བརྟེན་ནས་འཕེལ་རྒྱས་དོན་གཉེར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    གཉིས་པ། སྤུས་ཚད་ནི་ས་ཁོངས་ཀྱི་ལྟེ་བའི་འགྲན་ནུས་མཚོན་རྟགས་ཤིག་ཡིན་པར་བརྟེན། ངེས་པར་དུ“སྤུས་ཚད་ཨང་དང་པོར་འཇོག་བའི”འདུ་ཤེས་བརྟན་པོ་བཅངས་ནས། ཐོན་རྫས་རྩེ་གྲ་གཏོད་པ་དང་། ལྗོངས་རིམ་པའི་སྤུས་རྟགས་དང་ཐ་ན་ཀྲུང་གོའི་གྲགས་ཅན་སྤུས་རྟགས་གང་མགྱོགས་སྐྱེད་སྲིང་བྱས་ཏེ། སྤུས་ཚད་ལ་བརྟེན་ནས་མཚན་སྙན་ཐོབ་པར་བྱེད་པ་དང་སྤུས་ཚད་ལ་བརྟེན་ནས་འཕེལ་རྒྱས་དོན་གཉེར་བྱེད་དགོས།

    གསུམ་པ། སྤུས་ཚད་ནི་ཁྱིམ་ཚང་ཀུན་གྱི་འཚོ་བའི་སྤུས་ཚད་དང་འབྲེལ་བ་ཡོད་ལ་སྤྱི་དམངས་དང་དམངས་འཚོ་དང་ཡང་འབྲེལ་བའང་ཡོད། ང་ཚོས་ཞི་མཐུན་སྤྱི་ཚོགས་སྐྲུན་པར་མི་གཙོ་བོར་འཛིན་པ་དང་དམངས་ཆེད་སྲིད་སྐྱོང་མཐའ་འཁྱོངས་བྱེད་པར་ངེས་པར་དུ་སྤུས་ཚད་ལ་དོ་ཁུར་དང་། སྤུས་ཚད་ལ་དམ་འཛིན། སྤུས་ཚད་ལེགས་བཅོས་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་བདེ་འཇགས་སྲུང་སྐྱོང་བྱས་ནས་མི་དམངས་མང་ཚོགས་ལྟོ་ཆས་བཟའ་བར་བློ་བདེ་པོ་དང་། ཐོན་རྫས་བེད་སྤྱོད་གཏོང་བར་བློ་བདེ་པོ། གནས་སྡོད་བྱེད་པར་བློ་བདེ་ཡོང་བ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།