མི་མང་ཆེ་བ་ལོ་ན་རྒས་པའི་སྐབས་སུ་གཟུགས་པོའི་རིང་ཚད་གཞོན་ནུའི་སྐབས་དང་བསྡུར་ན་ཆུང་བ་ཡོད་པས།དེའི་རྒྱུ་རྐྱེན་གཙོ་བོ་ནི་སྒལ་ཚིགས་ཀྱི་རྐྱེན་རེད།
སྒལ་ཚིགས་ནི་མིའི་གཟུགས་པོའི་གལ་འགངས་ཤིན་ཏུ་ཆེ་བའི་རུས་ཚིགས་ཤིག་ཡིན་པས།ལོ་ན་རྒས་པའི་སྐབས་སུ་ལུས་སྟོབས་ཉམས་ཏེ་སྒལ་ཚིགས་སྔོན་ལ་གུག་ནས་མིའི་གཟུགས་ཚད་རང་བཞིན་གྱིས་འཁུམ་འགྲོ་གི་ཡོད། ལོ་ན་མཐོ་བའི་རྒན་རྒོན་ཚོའི་རུས་ཚིགས་ཚང་མ་མཁྲེགས་པོ་མེད་པས།གལ་སྲིད་རྡབ་སྐྱོན་བྱུང་ཚེ་རྐྱེན་ངན་འཕྲད་པའི་ཉེན་ཁ་ཤིན་ཏུ་ཆེ།
དེར་བརྟེན།རྒན་རྒོན་ཚོས་རྒྱུན་གཏན་འཚོ་བའི་ནང་རུས་ཚིགས་བདེ་སྲུང་སྨན་དང་ཡང་ན་རུས་ཚིགས་ལ་ཕན་པའི་འཚོ་བཅུད་ཀལ་ལྡན་པའི་ཟས་རིགས་སོགས་མང་ཙམ་སྤྱད་ན་ལེགས།