དབུ་ཤོག>གསར་འགྱུར།
  •  རྟེན་འབྲེལ་བསུ་ཞིང་བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པར་རོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-27

    བོད་ལྗོངས་ནི་གནའ་ཉམས་དང་ངོ་མཚར་གྱིས་ཕྱུག་པའི་གནས་མཆོག་ཞིག་ཡིན། འདས་ཟིན་པའི་ལོ་ཟླའི་ནང་ས་ཆ་འདིའི་སྟེང་གནས་ཚུལ་གྲངས་ལས་འདས་པ་ཐོན་མྱོང་།  འོན་ཀྱང་མི་རྣམས་ཀྱི་སྣང་ངོར་ཆེས་ཧང་སངས་དགོས་པ་ནི་ས་ཆ་འདིའི་ཐོག་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕེལ་རྒྱས་སམ་འགྱུར་བ་དེ་རེད།  འདས་ཟིན་པའི་ལོ་ངོ་50རྗེས་ཀྱི་དེ་རིང་།  ང་ཚོས་དེ་སྔོན་གྱི་ཐག་གཅོད་ལ་བསངགས་བརྗོད་བྱེད་བཞིན་ཡོད། དེ་ནི་གཞན་གང་གི་ཆེད་དུ་ཡང་མ་ཡིན་པར། ཞི་མཐུན་དང་བདེ་སྐྱིད་ཁོ་ནའི་སླད་དུ་ཡིན། “རྒྱབ་ཤ་དཀར་པོའི་དེབ་”ནང་བཀོད་པ་ལྟར། བོད་ལྗོངས་ཀྱི་འཕེལ་རྒྱས་དང་གོང་འཕེལ་ནི་ནུས་ཤུགས་བཞི་དང་ནམ་ཡང་ཁ་བྲལ་ཐབས་མེད། ནུས་ཤུསག་བཞི་ནི། ཡང་དག་པའི་འགྲོ་ལམ་གྱི་སྐུལ་འདེད་ནུས་པ་དང་གཅིག  རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་འདུ་སྦྱོར་ནུས་པ་དང་གཉིས། བོད་རིགས་སྤུན་ཟླའི་འབད་འབུངས་ཀྱི་ནུས་པ་དང་གསུམ། སྒོ་ཕྱེ་ནས་མཉམ་ལས་བྱེད་པའི་ཡིད་འགུག་ནུས་པ་དང་བཞི་བཅས་ཡིན། 

    ཟླ་བ་8པའི་གྲོང་ཁྱེར་ལྷ་ས་ནི་དྲོད་འཇམ་གྱི་ཉི་མའི་འོག་ན་འཁྲུག་ཆ་དོད་པའི་ཇ་ཁང་ཆེ་ཆུང་དུ་མས་ཁེངས་ཤིང་། ག་ས་གང་དུ་དགའ་སྐྱིད་ཀྱི་དགོད་སྒྲ་ཐོས་རྒྱུ་ཡོད། ཇ་ཁང་དུ་བསྐྱོད་ཚེ། གསོལ་ཇ་སྲུབ་མ་དང་མངར་མོའི་དྲི་ཞིམ་གྱི་ཁྲོད་ན་བོད། རྒྱ། སོག་ལ་སོགས་པའི་མི་རིགས་མི་འདྲ་བའི་མི་རྣམས་ཞི་མཐུན་ངང་དགའ་སྤྲོའི་གཏམ་ལ་རོལ་བཞིན་ཡོད། ལོ་ངོ་འདི་དག་གི་རིང་། ལྷ་ས་གྲོང་ཁྱེར་དར་རྒྱས་གོང་འཕེལ་དང་། ཞི་མཐུན་མཉམ་འབྲེལ། དཔལ་འབྱོར་སྤྱི་ཚོགས་རྣམ་པ་འཕེལ་རྒྱས་མྱུར་བ། ངོ་མ་ལོ་ངོ་བཅུ་ཕྲག་གོང་གི་ལྷ་ས་དང་བསྡུར་ཐབས་མི་འདུག་ཞེས་པེ་ཅིན་ནས་ཡོང་བའི་ཡུལ་སྐོར་བ་ཞིག་གིས་དེ་ལྟར་བཤད།

    རེད་ཡ། ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་བསྐྱོད་ཚེ། མིག་ལམ་དུ་འཆར་བ་ནི་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་དེ་རེད། དེ་ནི་ལོ་ངོ་50རྟེན་འབྲེལ་བསུ་ཕྱིར་སྐྲུན་པ་ཞིག་ཡིན། ང་ཚོས་རང་ཉིད་ཀྱི་ཆེས་སྙན་པའི་གླུ་སྒྲ་ལ་བརྟེན་ནས་ང་ཚོའི་བདེ་སྐྱིད་མཚོན་པ་བྱེད་དགོས་ལ། ཆེས་སྙན་པའི་གླུ་དབྱངས་མེས་རྒྱས་ལ་ཕུལ་ནས་ཏང་གི་དཀའ་དྲིན་མཚོན་པ་བྱེད་དགོས།

    ལོ་ངོ་50ཕྱིན་སོང་། གལ་ཏེ་ལོ་རྒྱུས་ལ་དྲན་འཆར་བྱེད་པའི་གཙོ་གནད་ཀྱི་དུས་འདིར། ངར་བོད་ཀྱི་ཁྱད་ཆོས་ལྡན་པའི་གཏམ་སྙན་མོ་ཞིག་འབྲི་རུ་བཅུག་ཚེ། ངས་བརྗོད་འདོད་པ་ནི། ད་ལྟའི་བོད་ལྗོངས་ནི་དཔྱིད་ཀྱི་དཔལ་ཡོན་བཞད་པའི་ས་མཐོ་ལྟར། གཙང་ཆུ་འཇམ་ཞིང་རྒྱུ་བ། ཁམ་བུའི་མེད་ཏོག་བཞད་པ། ནོར་ལུག་རྩེད་འཇོར་རོལ་བ། ཞིང་ཁུལ་ནས་འབྲོག་ཁུལ་བར། གྲོང་ཁྱེར་ནས་ཞིང་གྲོང་བར། བྱང་རྩྭ་ཐང་ནས་བོད་ཀྱི་སྔོ་ལྗང་གླིང་བར། མི་རྣམས་བརྟན་ལྷིང་གི་དུས་བཟང་ལ་རོལ་ནས། ག་ས་གང་ནས་བདེ་སྡོད་ལས་བརྩོན་དང་དགའ་འབོད་ཞི་མཐུན་གྱི་མི་སེམས་སྤྲོ་བའི་རྣམ་པ་མཐོང་ཐུབ། རེ་བར་འདི་ལྟ་བུའི་རྣམ་པ་དེ་འགྱུར་མེད་ནམ་ཡང་གནས་པར་སྨོན།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།