དབུ་ཤོག>གསར་འགྱུར།
  • ཡུལ་སྐོར་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུར་སྐུལ་མ་བཏང་ནས་མང་ཚོགས་ཀྱིས་ཡུལ་སྐོར་རིན་འཕར་གྱི་ཕན་འབྲས་ལོངས་སྤྱོད་ཐུབ་པ་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-08-27

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དབང་དབྱང་གིས་བོད་དུ་རྟོག་ཞིབ་གནང་སྐབས་ཡུལ་སྐོར་ལས་རིགས་ནི་བོད་ཀྱི་རྐང་འཛིན་ཐོན་ལས་གལ་ཆེན་ཞིག་ཡིན་པར་བརྟེན་དུས་བབ་གསར་པའི་འོག་བོད་ཀྱི་ཡུལ་སྐོར་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུར་སྐུལ་མ་གཏོང་བར་ཐོན་ཁུངས་གཙོ་བོར་བྱེད་པ་དང་སྔོན་ལ་སྲུང་སྐྱོབ་བྱེད་པའི་གཞི་རྩའི་རྩ་དོན་སྲུང་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཚོས་ཡུལ་སྐོར་རིན་འཕར་གྱི་ཕན་འབྲས་སྔར་བས་ལོངས་སྤྱོད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་ན་ཕན་འབྲས་ཐད་ཀར་ཐོན་ཐུབ་པ་མ་ཟད། ཐོན་ལས་གཞན་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱང་ཐུབ་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་། ལྷག་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་བ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ནི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་ཕྱི་རོལ་ཡུལ་གྱི་བླང་བྱ་དང། ཐུན་མིན་ཁྱད་ཆོས་ལྡན་པའི་གཙོ་ཁྲིད་ཐོན་ལས་གསར་པ་སྐྱེད་སྲིང་བྱེད་པའི་ལྡོག་མེད་ཀྱི་གདམ་ག བོད་ཀྱི་ལོ་རྒྱུས་དང་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་གཞི་འཛིན་ས་གལ་ཆེན་བཅས་ཡིན་པར་བརྟེན། ཡུལ་སྐོར་ལས་རིགས་དམ་འཛིན་ཐུབ་ན། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགག་རྩ་དམ་འཛིན་ཐུབ་ཡོད།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག བོད་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་གལ་ཆེན་དང་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་དུ་བསྐྲུན་དགོས་ཞེས་གསལ་སྟོན་བྱས་པ་མ་ཟད། རྒྱབ་སྐྱོར་གྱི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པའང་བཏོན་པས། བོད་ཀྱི་ཡུལ་སྐོར་ལས་རིགས་ཀྱི་སྣེ་ཁྲིད་གནས་བབ་སྔར་བས་མངོན་གསལ་དོད་པོར་གྱུར་ཡོད། “ལོ་ལྔ་ཚན་བཅུ་གཉིས་པ”ནས་བཟུང་། རང་སྐྱོང་ལྗོངས་ཀྱི་རིམ་པ་གོང་འོག་ཚང་མས་གོ་སྐབས་དམ་འཛིན་དང་དུས་བསྟུན་མདུན་སྐྱོད་ཀྱིས་ཚད་གཞི་མཐོ་བའི་ངང་འཆར་འགོད་དང་འགོ་འཛུགས་ས་མཐོ་བའི་ངང་གསར་གཏོད་བྱས་པས། ཡུལ་སྐོར་ལས་རིགས་སྔར་བྱུང་མྱོང་མེད་པར་དར་རྒྱས་དང་གོང་འཕེལ་ཕྱིན་ཡོད། 2014ལོ་ཧྲིལ་པོར་བོད་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་1553ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་200ལས་བརྒལ་བས། ཡུལ་སྐོར་ལས་རིགས་ནི་བོད་ཀྱི་རྐང་འཛིན་ཐོན་ལས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    དུས་མཚུངས་རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་བའི་ད་ཡོད་གནས་ཚུལ་དེ“འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན”འཛུགས་སྐྱོང་གི་དམིགས་ཚད་དང་། དཔལ་འབྱོར་གྱི་རྒྱུན་རྣམ་གསར་པའི་འོག་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་བཏོན་པའི་བླང་བྱ་གསར་པ། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་ཕྱིན་པའི་འཛད་སྤྱོད་ཀྱི་དགོས་མཁོ་བཅས་དང་བསྡུར་ན། ད་དུང་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་མེད་པ་དང་ཡུལ་སྐོར་རྣམ་གྲངས་ཀྱི་ཆུ་ཚད་དམའ་བ་སོགས་ཀྱི་མི་འདང་ས་དང་གནད་དོན་མང་པོ་ཡོད་པ་དེ་ང་ཚོས་ངེས་པར་དུ་མཐོང་ཐུབ་པ་བྱེད་དགོས། དེང་སྐབས་རང་ལྗོངས་ཀྱིས་གོམ་སྟབས་བརྟན་ཞིང་མྱུར་བའི་ངང་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་གི་ཡོད་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་འདེད་གཏོང་བའི་ལས་དོན་ལ་ཆེད་མངགས་ཞིབ་འཇུག་བྱས་པས། རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་དུས་བབ་གསར་པའི་འོག་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་གོ་སྐབས་གསར་པ་བཏོད་པ་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    ཡུལ་སྐོར་ལས་རིགས་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་མ་གཏོང་བར། ཐོན་ཁུངས་གཙོ་བོར་འཛིན་པ་དང་སྔོན་ལ་སྲུང་སྐྱོང་བྱེད་པའི་གཞི་རྩའི་རྩ་དོན་མཐའ་འཁྱོངས་བྱེད་དགོས། བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་ལེགས་ཆ་དང་མ་གནས་ཆེ་ཤོས་ནི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་སྤྱི་ཚོགས་རིག་གནས་ཐོན་ཁུངས་ཡིན་མོད། འོན་ཀྱང་ཐོན་ཁུངས་དེ་དག་ཆེས་ཉམས་ཞན་ཡིན་པར་བརྟེན། གལ་སྲིད་གཏོར་བཤིག་ཐེབས་ཚེ་སླར་གསོ་བྱེད་ཁག་པོ་ཡོད། ང་ཚོས་ངེས་པར་དུ་མཚམས་ཐིག་ཡག་པོ་སྲུང་བ་དང་རང་བྱུང་སྣོད་བཅུད་ཁོར་ཡུག་དང་སྤྱི་ཚོགས་རིག་གནས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ཏེ། གདོད་མའི་རང་བྱུང་མཛེས་ལྗོངས་སྲུང་སྐྱོང་གི་རྨང་གཞིའི་ཐོག སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་། ས་ཁོངས་རིག་གནས་ཀྱི་སྣ་མང་རང་བཞིན་ལ་བརྩི་འཇོག་དང་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག་མི་རིགས་ཡུལ་སྲོལ་གོམས་འདྲིས་དང་ཆོས་ལུགས་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ། སྲུང་སྐྱོང་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རིག་དངོས་གནའ་རྫས་ཡུལ་སྐོར་འཕེལ་རྒྱས་བཏང་ནས་ཡུལ་སྐོར་ཐོན་ཁུངས་ཀྱི་རྒྱུན་སྲིང་འཕེལ་རྒྱས་ལ་བརྟེན་ནས་ཡུལ་སྐོར་ཐོན་ལས་ཀྱི་རྒྱུན་སྲིང་འཕེལ་རྒྱས་ལ་འདེགས་སྐྱོར་དངོས་གནས་ཐུབ་པ་བྱེད་དགོས།

    ཡུལ་སྐོར་ལས་རིགས་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་མ་གཏོང་བར། ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། འཛམ་གླིང་གི་ཡུལ་སྐོར་དམིགས་ས་སྐྲུན་པར། འཛམ་གླིང་རིམ་པའི་སྤུས་ཚད་དང་ཆུ་ཚད་ལྡན་དགོས། འཕེལ་རྒྱས་གཏོང་སྟངས་འགྱུར་ལྡོག་གཏོང་བར་སྣང་ཆེན་གྱིས་གྲུབ་ཆ་ལེགས་སྒྲིག་བྱེད་པ་དང་ཕན་འབྲས་ཆེ་རུ་བཏང་ནས་སྤུས་ཚད་རྣམ་པ་དང་ཕན་འབྲས་རྣམ་པའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས།

    ཡུལ་སྐོར་ལས་རིགས་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་མ་གཏོང་བར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཚོས་ཡུལ་སྐོར་རིན་འཕར་གྱི་ཕན་འབྲས་སྔར་བས་ལོངས་སྤྱོད་ཐུབ་པ་བྱེད་དགོས། ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་ཆེས་རྩ་བའི་དམིགས་ཡུལ་ནི་རྒྱ་ཆེའི་མི་དམངས་ཀྱིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་བའི་འབྲས་བུ་ཐུན་མོང་ཐོག་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་དེ་རེད། ཡུལ་སྐོར་སྣེ་ཁྲིད་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་དུས་མཚུངས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་རྣམས་ཡུལ་སྐོར་ལས་རིགས་ལ་ཞུགས་པར་རྒྱབ་སྐྱོར་ཧུར་ཐག་བྱས་ནས། ཁོང་ཚོས་ཡུལ་སྐོར་ལས་རིགས་གསར་གཏོད་ལས་གཏོད་བྱེད་པ་དང་ཡུལ་སྐོར་རིན་འཕར་གྱི་ཕན་འབྲས་སྔར་བས་ལོངས་སྤྱོད་ཡག་པོ་བྱེད་པར་ཆ་རྐྱེན་ཧུར་ཐག་གཏོད་དགོས། ལྷག་དོན་དུ་ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོ་དང་དེ་བཞིན་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་ཡུལ་སྐོར་ལས་གཏོད་ལས་ཞུགས་ལ་རྒྱབ་སྐྱོར་དང་ཡུལ་སྐོར་ཐོན་ཁུངས་དང་དབུལ་སྐྱོར་མ་དངུལ་སོགས་མ་རྐང་དུ་བྱས་ནས་ཡུལ་སྐོར་གསར་སྤེལ་ལ་ཞུགས་རྒྱུ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་མང་ཚོགས་རྣམས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྲོད་ཕན་འབྲས་བརྟན་པོ་ཐོན་པ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།