དབུ་ཤོག>གསར་འགྱུར།
  • ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་ནས་འཇོག་མི་རུང་།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-08-26

    ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་ནས་ལོ་གཉིས་ཙམ་སོང་རིང་སྐབས་འདིའི་སྲིད་གཞུང་གིས་སྲིད་འཛིན་ཞིབ་མཆན་འགོད་པའི་རྣམ་གྲངས་གསུམ་ཆ་གཅིག་ཉུང་དུ་གཏོང་བའི་དམིགས་ཚད་ལེགས་གྲུབ་ཟིན་ནས་ཁྲོམ་རའི་གསོན་ཤུགས་ཆེས་ཆེར་འཕེལ་ཡོད་ལ་སྲིད་གཞུང་གི་སྲིད་འཛིན་ལས་ཕྱོད་ཀྱང་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། ཡིན་ནའང་སྒྱུར་བཅོས་སྒོ་དབྱེའི་ལག་ལེན་ཁྲོད་གནད་དོན་འགའ་ཞིག་ལྷག་ཡོད་པ་སྟེ། ས་གནས་དང་སྡེ་ཚན་ཁག་གཅིག་གིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་ནས་འཇོག་པ་དང་དེ་རྗེས་རྗེས་མཐུད་ཀྱི་དོ་དམ་དང་ཞབས་ཞུ་རྗེས་སྙེགས་མི་ཐུབ་པས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཀྱི་དངོས་ཕན་ཞན་དུ་ཕྱིན་ཡོད་པ་རེད།

    སྣང་ཚུལ་དེ་རིགས་ཐོན་པའི་རྒྱུ་རྐྱེན་གཙོ་བོ་ནི་དུས་ཡུན་རིང་པོའི་ནང་སྲིད་འཛིན་སྒྲིག་གཞི་ཁག་གཅིག་གི་ལས་ཀའི་བསམ་གཞིག་ཞིབ་མཆན་བཀོད་པར་བརྟེན་ནས་དོ་དམ་ཐུབ་པ་བྱེད་པ་དང“སུས་ཞིབ་མཆན་བཀོད་ཚེ་དེས་ལྟ་སྐུལ་དོ་དམ་བྱེད་རྒྱུར”བརྟེན་པས་ཡིན། ད་ཆ་དབང་ཆ་གཤམ་སྤྲོད་བྱས་པ་དང་བསྟུན་ནས་མི་འགའ་ཞིག་གིས་ཞིབ་མཆན་མ་བཀོད་ཚེ་ལྟ་སྐུལ་དོ་དམ་བྱེད་མི་དགོས་པའི་ངོས་འཛིན་བྱས་ནས་དབང་ཆ“རང་འགུལ་ངང་དོན་འཁྱོལ་ཐུབ་པ”བྱེད་པ་དང་། སྡེ་ཚན་ཁག་གཅིག་དང་ས་གནས་ཁག་གཅིག་གི་སྲིད་འཛིན་ཆུ་ཚད་ད་དུང་མཐོ་རུ་གཏོང་དགོས་པ་དང་བྱ་བ་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ཇི་ལྟར་བྱས་ནས་གསར་གཏོད་དང་ཞབས་ཞུ་ལེགས་སུ་གཏོང་བར་ཐབས་ཤེས་བཟང་པོ་འཚོལ་ཞིབ་ཐུབ་མེད།

    ཞིབ་མཆན་འགོད་ཉུང་དུ་འབོར་ཆེན་བཏང་རྗེས་སྲིད་གཞུང་གིས་བྱ་བ་སྒྲུབ་རིང་དང་བསྒྲུབས་རྗེས་ལྟ་སྐུལ་དོ་དམ་བྱེད་རྒྱུར་བསྒྱུར་ནས་ཁྲོམ་རར་དོ་དམ་ནན་པོ་དང་དོ་ དམ་ཡག་པོ་བྱེད་དགོས། དེ་ནི་སྲིད་གཞུང་གི་དོ་དམ་བྱེད་སྟངས་ལ་འགྱུར་ལྡོག་དེ་བས་ཆེན་པོ་བྱུང་བ་དང་། དཀའ་གནད་དེ་བས་ཆེ་རུ་ཕྱིན་པ། བླང་བྱ་དེ་བས་མཐོ་རུ་ཕྱིན་པ་བཅས་རེད། དེར་བརྟེན་རིམ་ཁག་སྲིད་གཞུང་དང་དེའི་ལས་དོན་མི་སྣས་འགྱུར་ལྡོག་དེ་དང་ཧུར་ཐག་འཚམ་པར་བྱས་ནས་དོ་དམ་གྱི་འགན་འཁྲི་ཏན་ཏིག་བསྒྲུབས་ཏེ“དབང་ཆ་གཤམ་སྤྲོད”དང“དོ་དམ”གྱི་དབྱེ་མཚམས་གསལ་པོ་འབྱེད་པ་དང་། བྱ་བ་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་གསར་གཏོད་ཤུགས་སྣོན་རྒྱག་པ། འགན་འཁྲི་དང་དབང་ཆ་དུས་གཅིག་ཏུ་གཤམ་སྤྲོད་བྱེད་པ། དབང་ཆ་གང་ལེགས་སྤྱོད་རྒྱུ་དང་ལྟ་སྐུལ་དོ་དམ་དུས་གཅིག་ཏུ་དོན་འཁྱོལ་ཐུབ་པ་བཅས་བྱེད་དགོས།

    ལྟ་སྐུལ་དོ་དམ་གྱི་འདུ་ཤེས་ལེགས་སུ་བཏང་ནས་ཁྲིམས་སྐྱོང་དང་། འདྲ་མཉམ། འགན་འཁྲི་བཅས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཁྲིམས་བཞིན་ལྟ་སྐུལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ལྟ་སྐུལ་དོ་དམ་བྱེད་པར་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་དང་འབྲེལ་མཐུད་ཐུབ་པ་བྱས་ནས་ཁ་དན་ཚིག་གནས་ཀྱི་ཡིག་ཚགས་དང་། ཁ་དན་ཚིག་ལ་མ་གནས་མཁན་ལ་མཉམ་འབྲེལ་ཆད་གཅོད་དང་མིང་ཐོ་ནག་པོའི་ལམ་ལུགས་བཟོས་ནས་ཁྲོམ་རའི་བྱེད་པོས་རང་རྟོགས་ངང་ཁྲིམས་སྲུང་བ་དང་གཞུང་དྲང་གཉེར་སྐྱོང་གི་ཁོར་ཡུག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།