དབུ་ཤོག>གསར་འགྱུར།
  • བོད་ལྗོངས་རིག་རྩལ་གསར་རྩོམ་གྱི་དབྱངས་རྟ་སྙན་པོ་གྱེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-26

    འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་བའི་ལོ་རེད། བོད་རང་སྐྱོང་ལྗོངས་རིག་རྩལ་ཚོགས་པས་ཕྱོགས་ཡོངས་ནས“འཚོ་བར་ཟབ་འཇུག་བྱས། གཞི་རིམ་དུ་རྩ་བ་ཚུགས་པ”ཅེས་པ་བརྗོད་བྱ་གཙོ་བོར་བྱས་པའི་བྱེད་སྒོའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་བརྒྱུད་ནས་རྒྱལ་གཅེས་རིང་ལུགས་དང་། མི་རིགས་མཐུན་སྒྲིལ་གྱི་དབྱངས་རྟ་སྙན་པོར་དམིགས་ནས་དགའ་སྟོན་ཆེན་པོ་དང་གསར་བརྗེའི་ལོ་རྒྱུས་ནང་དོན་དང་དོན་དངོས་ནང་དོན་གསར་རྩོམ་གྱི་ནུས་པ་གོང་མཐོར་བཏང་ནས་དམངས་ལ་ངོ་གནོང་མི་དགོས་པའི་ཕུལ་བྱུང་གི་རིག་རྩལ་བརྩམ་བྱ་གསར་རྩོམ་བྱས་ཡོད། 

    འཚོ་བར་ཟབ་འཇུག་བྱས། གཞི་རིམ་དུ་རྩ་བ་ཚུགས་པ་ཞེས་པ་ནི་བོད་ཀྱི་དོན་དངོས་ཀྱི་དགོས་མཁོ་ཞིག་རེད། མི་དམངས་གཙོ་བོར་བྱས་ན་གཞི་ནས་རྒྱལ་ཁབ་གཅིག་དང་ས་གནས་གཅིག་གི་འཕེལ་རྒྱས་ཡོང་བ་དང་། མི་དམངས་འཆམ་མཐུན། བརྟན་ལྷིང་བཅས་ཡོང་སྲིད། དེས་མི་དམངས་ཀྱི་རིན་ཐང་དང་གོ་གནས་དེ་གང་ལེགས་མངོན་ཐུབ་ཡོད། ལོ་ངོ་50ལས་བོད་ཀྱི་འཕོ་འགྱུར་ར་སྤྲོད་བྱས་ཡོད། ལོ་ངོ་50རིང་བོད་ལྗོངས་འདི་ཉིད་ཀྲུང་དབྱང་སྲིད་གཞུང་གི་རོགས་སྐྱོར་ཤུགས་ཆེན་འོག་གནམ་ས་བླ་འོག་ལྟ་བུའི་འཕོ་འགྱུར་ཕྱིན་ཡོད་པ་དང་ལྷག་པར་དུ་མེས་རྒྱལ་ནང་ཁུལ་གྱི་ས་གནས་ཁག་ནས་ཡོང་བའི་བོད་སྐྱོར་ལས་བྱེད་པའི་ལེགས་སྐྱེས་ལས་བྱུང་བ་རེད། ཁོང་ཚོས་དཀའ་ངལ་ལ་མི་སྐྲག་པ་དང་། ས་མཐོའི་གསོ་རླུང་མི་འདང་བར་མི་སྐྲག་པ། འཁོར་ཡུག་ཞན་པར་མི་སྐྲག་པར་གཞི་རིམ་དུ་བསྐྱོད་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་དང་བློ་སེམས་གཅིག་མཐུན་གྱིས་མང་ཚོགས་ཀྱི་འཚོ་བར་ལེགས་བཅོས་དང་ལས་ཀར་འཇུག་བཞིན་ས་གནས་དེ་གའི་མང་ཚོགས་ལ་ཐོན་སྐྱེད་ལ་མཐོང་ཆེན་བྱེད་དགོས་པའི་སྐུལ་མ་བཏང་ནས་ཁོང་ཚོ་རང་ཁ་རང་གསོའི་ནུས་པ་དང་ལྡན་པ་ཞིག་ཏུ་གསོ་སྐྱོང་བྱས་ཡོད། དེས་ས་གནས་དེ་གའི་མང་ཚོགས་ཀྱི་དཔལ་འབྱོར་དང་འཚོ་བར་སྐུལ་འདེད་ཐུབ་པ་མ་ཟད་ས་གནས་དེ་གའི་མི་དམངས་ཀྱི་དགའ་མགུ་ཡིད་རངས་དང་བརྩི་སྐུར་ཐོབ་ཡོད། དེ་ནི་“འཚོ་བར་ཟབ་འཇུག་བྱས། གཞི་རིམ་དུ་རྩ་བ་ཚུགས་པའི”ནུས་པ་རེད།

    ཏང་ཡོན་ཞིག་གི་ངོས་ནས་བརྗོད་ན། “འཚོ་བར་ཟབ་འཇུག་བྱས། གཞི་རིམ་དུ་རྩ་བ་ཚུགས་པ”དེ་སེམས་གཏིང་ལུ་ངེས་ནས་དུས་རྒྱུན་དུ་རང་ཉིད་ལ་རེ་བ་ནན་པོ་འདོན་པ་དང་རང་ཉིད་ལེགས་པོ་ཞིག་གཅུན་དགོས། འཚོ་བར་ཟབ་འཇུག་བྱས། གཞི་རིམ་དུ་རྩ་བ་ཚུགས་པ་ཞེས་པ་ནི་ཞིང་འབྲོག་མང་ཚོགས་དང་བློ་སེམས་གཅིག་མཐུན་གྱི་སྒོ་ནས་གཞི་རིམ་དུ་བསྐྱོད་ནུས་པ་དང་། མང་ཚོགས་ཀྱི་ཆེད་དུ་དཀའ་ངལ་སེལ་བ། དཀལ་ངལ་མྱོང་ཐུབ་པ་དང་། ལད་ཀ་བྱེད་ཐུབ་པ། དུས་རྟག་ཏུ་མང་ཚོགས་དང་ཤ་ཁྲག་གི་འབྲེལ་བ་རྒྱུན་འཁྱོངས་བྱས་ནས་འཚོ་བའི་གཏིང་ལོན་པ་དང་གསར་རྩོམ་གྱི་སྙིང་བཅུད་ལེན་ཐུབ་པ་ཞིག་དགོས། གསར་བརྗེའི་ས་ཁུལ་རྙིང་པ་དང་། ཤིན་ཅང་། གྲང་ཉུང་མི་རིགས་ས་གནས་ལ་ཟབ་འཇུག་དང་། དམག་སྒར་དང་སློབ་གྲྭ གྲོང་ཚོ་དང་གྲོང་རྡལ་གྱི་སྡེ་ཁུལ་ལ་ཟབ་འཇུག སྒྱུར་བཅོས་སྒོ་དབྱེ་དང་ཐོན་སྐྱེད་འཛུགས་སྐྲུན་གྱི་གཡུལ་ས་མདུན་མར་ཟབ་འཇུག་བཅས་བྱེད་དགོས། གང་ལྟར་གང་དུ་དགོས་མཁོ་ཡོད་ཀྱང་དེར་འགྲོ་དགོས། 

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་བའི་བརྟེན་འབྲེལ་ཐོག  བོད་ལྗོངས་རིག་རྩལ་ཚོགས་པས་མི་དམངས་ལ་དབང་བའི་བརྩམ་ཆོས་གསར་རྩོམ་བྱེད་པར་འགོ་ཡག་པོ་བཙུགས་ནས་རིག་རྩལ་ལས་དོན་པ་དང་ཐ་ན་ཏང་ཡོན་ལས་བྱེད་པས་ཀྱང་མི་དམངས་སེམས་སུ་བཅངས་ནས་མཉམ་དུ་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་ཆེད་དུ་ནུས་ཤུགས་གང་ཡོད་འདོན་དགོས་པའི་རེ་བ་བཏོན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།