དབུ་ཤོག>གསར་འགྱུར།
  • ས་ཡོམ་ཁྲོད་གེགས་བར་བྱུང་བའི་མང་ཚོགས་ཀྱི་བཀོད་སྒྲིག་ཁང་པ་བགོ་བཤའ་རྒྱག་སྟངས་གཏན་འཁེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-26

    ཉེ་ཆར། གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ནས་ཤེས་རྟོགས་བྱུང་གསལ། བསམ་གྲུབ་རྩེ་ཆུས་ཀྱི་བཀོད་སྒྲིག་བྱ་ཡུལ་གྱི་གེགས་བར་བྱུང་བའི་མང་ཚོགས་ཀྱི་བཀོད་སྒྲིག་ཁང་པ་བགོ་བཤའ་རྒྱག་སྟངས་སྤྱིར་ན་གཏན་འཁེལ་བྱས་པ་དང་། སྔོན་དཔག་བྱས་ན་འདི་ལོའི་དགུན་དུས་ཀྱི་གོང་དུ་གེགས་བར་བྱུང་བའི་མང་ཚོགས་2000ལྷག་ཙམ་གུར་ནས་བཀོད་སྒྲིག་ཁང་པར་སྤོ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གེགས་བར་བྱུང་བའི་མང་ཚོགས་རྣམས་ལོ་གསུམ་རིང་གི་བཀོད་སྒྲིག་དུས་ཚོད་ནང་དེ་བས་བདེ་བླག་ངང་འཚོ་བ་སྐྱེལ་རྒྱུར་རོགས་རམ་བྱ་ཆེད་གཞིས་རྩེ་གྲོང་ཁྱེར་གྱིས་གདན་ཞུའི་ཚོགས་འདུ་དང་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་སོགས་སྒྲིག་འཛུགས་བྱས་ནས་གེགས་བར་བྱུང་བའི་མང་ཚོགས་ལས་ཞུགས་བྱ་རྒྱུར་རོགས་རམ་བྱས་པ་དང་འབྲེལ་སྐྲུན་བཞིན་པའི་ལས་བྱེད་པའི་གཞུང་ཁོངས་བོགས་གཏོང་ཁང་པ་སྟོང་པ་བཟོས་ནས་གེགས་བར་བྱུང་བའི་མང་ཚོགས་ལ་སྤྲད་དེ་ཁོང་ཚོ་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱས་པ་རེད། མིག་སྔར་གེགས་བར་བྱུང་བའི་མང་ཚོགས་ཀྱི་བཀོད་སྒྲིག་ཁང་པ་བགོ་བཤའ་རྒྱག་སྟངས་རཌ་ཙམ་བཟོས་དང་། བཀོད་སྒྲིག་ཁང་པའི་ལས་གྲྭ་གཙོ་བོ་སྤྱིར་ན་མཇུག་འགྲིལ་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས་ད་དུང་འཕྲོད་བསྟེན་ཞབས་ཞུ་དང་། སྒོ་རྩིས་ཚོང་ཁང་། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སོཌ་ཚུད་པའི་ལྷན་སྦྱར་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་དམིགས་སུ་ཆོག་མཆན་བཀོད་དེ་མང་ཚོགས་ཀྱི་འཚོ་བ་སྟབས་བདེ་རུ་བཏང་བ་རེད། སྔོན་དཔག་བྱས་ན་འདི་ལོའི་ཟླ་9པའི་ཟླ་མཇུག་ནས་ཟླ་10པའི་ཟླ་འགོ་བར་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་2000ལྷག་ཙམ་བཀོད་སྒྲིག་ཁང་པ་780ནང་སྤོ་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།